国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月19日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་16ཉིན་གྱི་ཕྱི་དྲོར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

ལའོ་ཆིན་འུའུ་ཡིས་འདས་ཟིན་པའི་ལོ་གཅིག་ནི་ཆབ་མདོའི་འཕེལ་རྒྱས་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་དང་།ལྗོངས་ཏང་ཨུད་དང་སྲིད་གཞུང་།གྲོང་ཨུད་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཆབ་མདོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

ལའོ་ཆིན་འུའུ་ཡིས་2024ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན་ཁ་གསལ་བྱུང་ཡོད།སྲིད་གཞུང་ཁོངས་གཏོགས་ཀྱི་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ།ལག་བསྟར་ལ་དམ་འཛིན་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་སྲོག་རྩ་ཞིག་ཏུ་བརྩིས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

འཕེལ་རྒྱས་གཏོང་རྒྱུ་དེ་ཀུན་གྱི་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྣམ་གྲངས་གྲབས་གསོག་བྱེད་ཤུགས་དང་།དུས་འགོའི་ཤུགས་ཚད།སྐུལ་འདེད་གཏོང་ཤུགས་བཅས་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་དུ་གཏོང་དགོས་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་སྒྱུར་བཀོད་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་ས་མཐོའི་ལྗང་མདོག་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ཀྱི་མཁོ་སྤྲོད་ལེགས་སུ་བཏང་སྟེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་འཛད་སྤྱོད་ཀྱི་གླེང་མང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་གཏོད་པ།ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་18དོན་འཁྱོལ་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆབ་མདོར་ཡོད་པའི་ཁེ་ལས་ལ་མ་དངུལ་བསྡུ་རྒྱུག་བྱེད་རོགས་བྱེད་པ་དང་།ནུས་ཤུགས་ཡོད་རྒུ་བཏོན་ནས་སྟོབས་ཆེའི་ཁེ་ལས་ནང་འདྲེན་དང་ལེགས་སྐྱོར་ཆེ་སྐྱོར་བྱེད་པ།རྣམ་གྲངས་ཚོང་འགུགས་དང་།ཐོན་ལས་ཚོང་འགུགས། གླིང་ཁུལ་ཚོང་འགུགས།བོད་སྐྱོར་ཚོང་འགུགས་བཅས་ལ་སྐུལ་འདེད་གཏོང་དགོས།

དམངས་འཚོ་དེ་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་ཀྱིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་བ་དང་།གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ།མི་དམངས་ཀྱི་གྲོང་ཁྱེར་ཡག་པོ་སྐྲུན་པ་བཅས་བྱེད་དགོས།“འབབ་འཕར་གྱི་བྱ་ཐབས་གལ་ཆེན་བཅུ”མུ་མཐུད་དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས“གྲོང་ཁྱེར་གྱིས་སྤྱི་འདོམས་དང་།རྫོང་གིས་བཀོད་གཏོང་།ཤང་གིས་ཐོ་འགོད།གྲོང་ཚོས་སྒྲིག་འཛུགས”བཅས་ཀྱི་བྱེད་སྟངས་ཁྱབ་གདལ་གཏོང་དགོས།ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་གནས་ཆ་རྐྱེན་ལྷུག་ཏུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་དགོས།ས་བབ་མཐོ་བའི་སློབ་གྲྭའི་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བྱས་ནས་སློབ་གསོའི“འགན་ལེན་གསུམ”གྱི་འདུ་འགོད་ལམ་སྲོལ་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུར་ཤུགས་སྣོན་རྒྱག་དགོས།

བདེ་འཇགས་དེ་ཐམས་ཅད་ལས་གལ་ཆེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་བྱས་ནས།སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་ཡོང་བ་བྱེད་དགོས།གྲོང་ཨུད་ཀྱི“བལྟས་པ་ལྔ་དང་།འགོག་ཟོན་ལྔ།བརྟན་པོ་ལྔ”ལས་ཀའི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་ཐུབ་པ་བྱེད་དགོས།ནག་སེལ་གཤེད་བཅོམ་དང་མི་བསད་གྱོད་གཞིའི་འགག་སྒྲོལ་གཏིང་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་དགོས།གཞུང་ལམ་འགྲིམ་འགྲུལ་དང་།གཏེར་རིའི་ཁེ་ལས།ཨར་སྐྲུན་ཨར་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།

ལིའུ་ཝུན་ཏེ་དང་། སྒྲོལ་དཀར། ཀའོ་ཞུའེ་ཝུན། ཕུའུ་ཡུས་ཧུའེ། ཉི་མ་ཚེ་རིང་། ཝུའུ་ཅན། ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།