国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月19日

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་གནད་དོན་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་15ཉིན་གྱི་སྔ་དྲོར་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ནས། ཆབ་མདོ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་མི་སེམས་གཅིག་སྒྲིལ་དང་ཐུན་མོང་ངོས་འཛིན། བློ་གྲོས་གཅིག་སྡུད་བཅས་བྱེད་དགོས།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཝང་ཡ་ཏུང་དང་ཆི་དབྱིང་ཧའེ། རྡོ་རྗེ་དགྲ་འདུལ། ཅ་ཤིན་ཡུས། ཝུའུ་ཅན། ཉི་མ་ཚེ་རིང་། ཚེ་རིང་ནོར་བུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ལི་ཧྲི་ཅང་གིས་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་སློབ་གསོ་སྦྱོང་བརྡར་དང་ནུས་པ་འདོན་སྤེལ་བྱས་ཚུལ་སྙན་སེང་ཞུས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ཕན་ཚུན་སྨོན་འདུན་ཞུས་པ་རེད།བཞུགས་མོལ་ཚོགས་འདུའི་ཐོག་པད་མ་འཇིགས་མེད་དང་།བདེ་ཆེན་གཡང་འཛོམས།བསྟན་འཕེལ་རྒྱལ་མཚན།བྱམས་པ་ཆོས་འཛིན།བསྟན་འཛིན་འོད་ཟེར་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོར་ཞུགས་པ་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ནང་ཞུགས་པའི་གྲུབ་འབྲས་མྱོང་ཚོར་ལྷུག་པོར་གླེང་སྟེ།ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་བཅས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པར་འཛུགས་སྐྲུན་ཧུར་ཐག་བྱ་ཆེད་ཆོས་ལུགས་ལས་རིགས་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་དོན་དུ་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་དོན་སྡེ་ཚན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ལ་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ལག་བསྟར་བྱས་ཏེ“ངེས་པར་དུ་བྱེད་དགོས་པ་དགུའི”ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་གི་དོན་སྙིང་ཁོང་དུ་འཕྱུགས་མེད་ཆུད་པ་བྱས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དུས་རབས་གསར་པའི་ཆབ་མདོའི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་འདས་ཟིན་པའི་ལོ་གཅིག་ནང་གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ཏེ་སྔ་བར་ཕྱི་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག་དང་མཉམ་དུ་མདུན་སྐྱོད་བྱས་ཏེ་ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་ཞི་མཐུན།མི་རིགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་གསུངས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་བཀའ་དྲིན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཞི་བས་བཅིངས་འགྲོལ་གཏོང་བ་ནས་དམངས་གཙོའི་བཅོས་སྒྱུར་བྱེད་པའི་བར་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་ནས་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བར་བོད་དུ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཚང་མ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོབ་པ་ཞིག་རེད།རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས།སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་དང“རྒྱལ་ཁབ་ཀྱི་འདུ་ཤེས།སྤྱི་དམངས་ཀྱི་འདུ་ཤེས།ཁྲིམས་སྐྱོང་གི་འདུ་ཤེས”ཀྱི་སློབ་གསོ་རྒྱུན་མི་ཆད་པར་སྤེལ་བ་བརྒྱུད“མོས་སེམས་ལྔ”མུ་མཐུད་ཟབ་ཏུ་བཏང་ནས་རྒྱལ་གཅེས་རིང་ལུགས་དེ་དད་སེམས་བརྟན་པོ་དང་བསམ་པའི་སྟོབས་ཤུགས། རང་རྟོགས་བྱ་སྤྱོད་བཅས་སུ་འགྱུར་བ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནང་བསྟན་དར་སྤེལ་གཏོང་བའི་དད་སེམས་ཀྱི་ལག་ལེན་དུ་བརྩིས་ནས་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པའི་ནང་དོན་གྱི་སྙིང་བཅུད་སྔོག་འདོན་དང་། གསལ་འགྲེལ། དར་སྤེལ་བཅས་གཏིང་ཟབ་གཏོང་བ་དང་ཏང་ཨུད་དང་སྲིད་གཞུང་ལ་རང་འགུལ་ངང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

ཀུང་ཧུའེ་ཚའེ་ཡིས་ཕྱོགས་ཡོངས་ནས་ཆོས་ལུགས་ཀྱིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་ཕྱོགས་གཅིག་ནས་སློབ་སྦྱོང་ལ་སྣང་ཆེན་དང་ནང་བསྟན་གྱི་གསུང་རབ་ལ་བརྩོན་ཞིབ་བྱས་ཏེ་དུས་བསྟུན་མདུན་སྐྱོད་ཀྱིས་ཆོས་འཆད་པ། གནས་ལུགས་འགྲེལ་བཤད་རྒྱག་པ་བཅས་བྱས་ཏེ།ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་དང་།ཕྱོགས་གཞན་ཞིག་ནས་ཁྲིད་སྟོན་བྱེད་མཁས་པོ་བྱས་ཏེ“མི་སྣོན་པ་གསུམ”གྱི་མཐའ་ཚད་དང“གཏན་ནས་མི་ཆོག་པ་གསུམ”གྱི་བླང་བྱ་ནན་པོ་བསྲུངས་ནས་བོད་བརྒྱུད་ནང་བསྟན་གྱི་དྭངས་གཙང་གཟི་བརྗིད་དང་བབ་ཆགས་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་དུས་ཚོད་དང་།སྙིང་སྟོབས།རྒྱུ་ནོར་བཅས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་།དཀའ་སྤྱད་ཕྱུག་འགྱུར།འཚོ་བ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་སྤྱད་དེ་དར་སྲོལ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཀུང་ཧུའེ་ཚའེ་ཡིས་དར་ཆ་གསལ་སྒྲེང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་སྲོལ་སྒྲིག་སྲོལ་དང་ཆོས་ལུགས་ཀྱི་སྒྲིག་སྲོལ། ལོ་རྒྱུས་ཀྱི་ཚད་བཅད་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱིས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས། ཏང་ཨུད་དང་སྲིད་གཞུང་གི་དོ་དམ་ལ་རང་རྟོགས་ངང་བརྩི་བཀུར་ཞུ་བ་དང་“ལྟ་སྐུལ་ལྔ་དང་སྔོན་འགོག་ལྔ། བརྟན་ལྷིང་ལྔ”བཅས་ཀྱི་ལས་ཀའི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་ལ། སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏོང་རྒྱུར་རྒྱ་ཆེའི་གྲྭ་བཙུན་དང་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཉན་སྤྲོ་དང་དང་ལེན་བྱེད་སླ་བ། ཞུགས་བདེ་བ་བཅས་ཀྱི་རྣམ་པ་རྒྱུན་མཐུད་ངང་སྤྱད་དེ།“འདུ་ཤེས་གསུམ”གསལ་བོར་བཤད་དེ་སེམས་སུ་ཟུག་པའི་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས་ཞེས་ནན་གསུང་གནང་ཡོད། ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་བཞིན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྔར་བཞིན་ཆོས་ལུགས་ཚོགས་པའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ཏང་གི་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ།ཆོས་ལུགས་ལས་རིགས་ཀྱིས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ།དགོན་སྡེའི་གྲྭ་བཙུན་གྱི་དཀའ་ངལ་དངོས་སེལ་རོགས་བྱེད་པ།རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་མི་སྣ་ཚང་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ།བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་པ།བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག“རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་བྱེད་པའི”སྐོར་སྐྱོད་དར་དམར་ཐོབ་པའི་དགོན་སྡེར་གཟེངས་བསྟོད་གནང་བ་རེད།

རང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་རྫོང(ཆུས)བཅུ་གཅིག་གི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།