གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་གནད་འཁེལ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྤྱིའི་བླང་བྱ་དང་སྤྱིའི་ངེས་གནས་ལ་དམ་པོར་དམིགས་ནས། (པར་ངོས་དང་པོར་མཐུད) ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་རེད། ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་འགན་གལ་ཆེན་དེའི་མདུན་དུ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཁོངས་གཏོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དེ། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ཚད་གཞི་མཐོ་བའི་སྒོ་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་པ་དང་། གྲུབ་འབྲས་གསར་པ་གཏོད་པ། ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྲིད་དོན་ཆེན་པོའི་ངོས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་དོན་སྙིང་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས།
ཆབ་མདོ་ནི་བོད་ཀྱི་“ཤར་སྒོ་”ལྟ་བུ་ཡིན་ལ། བོད་དང་སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་འབྲེལ་མཐུད་བྱེད་པའི་ལྟེ་བའང་ཡིན། མཐའ་འཁོར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་1000ལྷག་ཡོད་པས་ལྟེ་བའི་ཡན་ལག་གྲོང་ཁྱེར་བསྐྲུན་རྒྱུར་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ལྡན་ཡོད་ལ། དྭངས་གཙང་ནུས་རྒྱུ་དང་ལྗང་མདོག་གཏེར་རྫས། ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད། ང་ཚོས་གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་ཚད་བརྒལ་བྱེད་ཕོད་པ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་སྟོན་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པའི་ཁྲོད“ སྔོན་བཀོད་བྱ་ཐབས་”ཡག་པོ་བཟོ་དགོས་ཞེས་གསུངས་པ་རེད། ལྟེ་བའི་ཡན་ལག་གྲོང་ཁྱེར་ལ་དབྱེ་ཞིབ་བྱེད་པར་དགོས་ངེས་ཀྱི་སྤྱིའི་རང་བཞིན་གྱི་ནུས་པའི་ཁྲོད་ནས“གཞི་སྒྲོམ་གཙོ་བོའི་”མཐུན་རྐྱེན་བཟོ་བ། ཆབ་མདོའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་བསྡུར་གཞི་ཡོད་པའི་ལེགས་ཆའི་ཁྲོད་ནས“སྐུལ་འདེད་ནུས་པ”རྙེད་པ་བཅས་བྱས་ཏེ།“ཆབ་མདོའི་ལག་ལེན”ལ་བརྟེན་ནས་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་པར་ལེགས་སྐྱེས་འབུལ་དགོས།
ཆབ་མདོ་འདི་ཉིད་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱས་ན།“གསར་གཏོད་བཞིར”སྐུལ་འདེད་ནུས་ལྡན་གཏོང་ཐོབ་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པའི་ལེགས་ཆ་སྔར་བས་འདོན་སྤེལ་ཐུབ་པ་དང་། རྒྱལ་ཁབ་ཀྱི“ཡོལ་བ་གཉིས་དང་། ས་ཆ་གཉིས། བགྲོད་ལམ་གཅིག མདུན་ཕྱོགས་གཅིག”བཅས་ཀྱི་འཐབ་ཇུས་ངེས་གནས་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་མངོན་གསལ་དོད་དུ་འགྲོ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་གནས་བབ་སྔར་བས་མཐོ་རུ་འགྲོ་བ་བཅས་བྱ་ངེས་རེད། ང་ཚོས་ཁྱོན་ཡོངས་ལ་དམིགས་ཏེ་ཆབ་མདོར་ལྟ་བ་དང་ཆབ་མདོར་གཞི་ཚུགས་ནས་སྤྱི་ཡོངས་ལ་དམིགས་ཏེ། བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཞན་ཆ་མགྱོགས་མྱུར་གསབ་ནས་ཆབ་མདོ་འདི་ཉིད་བོད་ཀྱི་ཤར་རྒྱུད་ས་ཁུལ་འཕེལ་རྒྱས་དང་བོད་འབྲེལ་ས་ཁུལ། མཐའ་འཁོར་དཔལ་འབྱོར་ཁུལ་བཅས་སུ་ཁྱབ་པའི་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཏེ། ཆབ་མདོའི་ཕྱོགས་གཅིག་ལ་གཟི་བརྗིད་སྣོན་པ་མ་ཟད། བོད་ཀྱི་སྤྱི་ཡོངས་དེ་བས་བཀྲག་མདངས་འཚེར་བར་བྱེད་དགོས།
ཉེ་བའི་ལོ་ཤས་རིང་གྲོང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ“དོན་ཆེན་བཞི”དང་།“གསར་གཏོད་བཞི”བཅས་ལ་དམ་པོར་དམིགས་པ་དང་།འགྲིམ་འགྲུལ་དང་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འབོར་ཆེན་ཞིག་སྒྲིག་བཟོ་དང་ལག་བསྟར་བྱས་ཤིང་།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་བ་མ་ཟད།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་རྒྱུར་ཡང་སྐུལ་འདེད་ནུས་ལྡན་བཏང་ཡོད།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞི་དངོས་དང་།མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་ལེགས་ཆ་མང་པོ་སྔར་བྱུང་མྱོང་མེད་པས།ང་ཚོས་རང་རྟོགས་ངང་ལག་བསྟར་བྱེད་མཁན་དང་བྱ་སྤྱོད་ཕྱོགས་ཁག་ཡག་པོ་བྱས་ཏེ།དུས་ཚོད་དམ་འཛིན་དང་།ལས་ཀ་གང་མྱུར་སྒྲུབ་པ།འབད་འབུངས་མདུན་སྐྱོད་བཅས་བྱེད་པར།ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི“ངེས་གནས་”དེ་གོ་གནས་སུ་སྔ་ཙམ་འགྱུར་བ་དང་།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།
ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་རེད། ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་འགན་གལ་ཆེན་དེའི་མདུན་དུ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་གྲོང་ཨུད་ཁོངས་གཏོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དེ། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་ཚད་གཞི་མཐོ་བའི་སྒོ་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་པ་དང་། གྲུབ་འབྲས་གསར་པ་གཏོད་པ། ཚད་བརྒལ་གསར་པ་ཡོང་བ་བཅས་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྲིད་དོན་ཆེན་པོའི་ངོས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་དོན་སྙིང་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས།