国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月12日

ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པའི་ཚོགས་འདུའི་ཐོག་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། སྙན་སྒྲོན་གྱི་ཚིག་སྦྱོར་སྙན་ཞིང་། ཚིག་རེར་ངར་ཤུགས་འཕེལ་བ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་བྱས་པས་རང་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཚོགས་འདུའི་ཐོག་རང་གྲོང་ཁྱེར་གྱི་འཐབ་ཕྱོགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། གྲོས་འགོ་འདོན་པ། འདུན་པ་གླེང་བ་བཅས་གནང་ཞིང་། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》ཡི་གྲངས་གཞི་ཞིབ་ཅིང་ཕྲ་བ་ཡིན་པ་དང་། ལས་དོན་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ། ལས་འགན་བཀོད་སྒྲིག་བྱས་པ་ཁྱོན་ཡོངས་དང་ཞིབ་ཕྲ་ཡིན་པས་སྟོབས་ཤུགས་གཅིག་སྒྲིལ་དང་། མི་སེམས་ལ་སྐུལ་མ་གཏོང་བ། འབད་འབུངས་ཡར་བརྩོན་བཅས་ཀྱི་སྙན་ཞུ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་སྐྱིད་སྒྲོལ་མས། ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ཡིས་ཕྱོགས་དགུའི་ཐད་ནས་2023ལོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང་། ཕྱོགས་7གྱི་ཐད་ནས་2024ལོའི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པར་རྒྱང་ལྟའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཤུགས་ཆེན་ལྡན་འདུག འཕྲོད་བསྟེན་ལས་རིགས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ལས་གནས་སུ་ཕྱིར་ལོག་རྗེས་དུས་ཚོད་དང་པོར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱེད་རྒྱུ་མ་ཟད། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བཏོན་པའི་བླང་བྱ་5དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་འཕྲོད་བསྟེན་བདེ་ཐང་གི་བྱ་སྤྱོད་ཁག་8ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཞིབ་ཕྲའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ཡག་པོ་འཁུར་རྒྱུ་མ་ཟད་ཚོགས་འདུའི་དགོངས་དོན་དེ་རང་ཉིད་ཀྱི་རྒྱུན་གཏན་ལས་དོན་ནང་བེད་སྤྱོད་གང་ལེགས་བྱ་རྒྱུ་དེ་ནི་འཐུས་མི་ཚོའི་ཐུན་མོང་གི་བསམ་འདུན་ཞིག་རེད།

བློ་མཐུན་ཡན་ཅིན་ཧའེ་ཡིས་གནང་བའི་ལས་དོན་སྙན་ཞུར་ཉན་རྗེས། ང་ཚོ་བོད་ལ་མི་འབོར་ཉུང་བ་དང་། ས་བབ་མཐོ་བ། ཁོར་ཡུག་ཞན་པ། རང་སྟོབས་རང་སྤེལ་ནུས་པ་ཞན་པ་བཅས་ཡིན་ཡང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་བྱས་པས་མི་སེམས་ལ་སྐུལ་མ་ཐེབས་པའི་བྱས་རྗེས་བཟང་པོ་ཐོབ་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བསྟན་པ་ཡར་འཕེལ་གྱིས་བཤད།

ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནི་དངོས་ཐོག་བདེན་འཚོལ་དང་། མདུན་སྐྱོད་ཡར་བརྩོན། མི་དམངས་མཐུན་སྒྲིལ་བཅས་ཀྱི་སྙན་ཞུ་ཞིག་དང་། དམངས་ཀྱི་འདོད་བློ་དང་མཐུན་པ། འགན་འཁུར་མངོན་པ། མི་སེམས་གཅིག་སྒྲིལ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད་འདུག ང་རང་གིས་སྙན་ཞུའི་ནང་གི་དམངས་འཚོའི་ཁྱབ་ཁོངས་སྐོར་གྱི་ནང་དོན་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས་བཤད།