གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འདི་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་དེང་རབས་ཅན་གྱི་ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་རྒྱུའི་གནད་དོན་ལ་ཞིབ་འཇུག་བྱས་པ་དང་།《ཆབ་མདོ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཨུད་ཀྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ང་ཚོའི་གྲོང་ཁྱེར་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བླང་བྱ་དང་མཐུན་པ་དང་ཆབ་མདོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་རྒྱུར་སྤྱིའི་དམིགས་ཚད་གསལ་སྟོན་དང་དམག་འཐབ་ཀྱི་དཔེ་རིས་འབྲི་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དམིགས་ཚད་འདི་བདེ་བླག་ངང་ལག་བསྟར་བྱེད་པའི་འགྲིལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་ཆེད་དུ། ང་ཚོས་དཔྱད་གཏམ་གསུམ་རིམ་བཞིན་སྤེལ་ཡོད་པས། ཕྱོགས་གལ་ཆེན་གསུམ་ནས་ཁོང་དུ་ཆུད་པ་དང་གོ་བ་བླངས་ཏེ། ཀློག་པ་པོར་དཔྱད་གཞིར་འདོན་སྤྲོད་བྱ་རྒྱུ་ཡིན།