国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月09日

ངེད་གྲོང་ཁྱེར་གྱིས་2024ལོའི་ལོ་གསར་བསུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་རི་འཛེགས་རྐང་ཐང་གི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་6ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཡོངས་ཀྱི་ཚན་པ་90ལྷག་ཙམ་གྱི་མི་200ཙམ་གཅིག་སྡུད་ངང་བཅིངས་འགྲོལ་ཐང་ཆེན་དུ་འཛོམས་པ་དང་། གྲོང་ཁྱེར་ལུས་རྩལ་ཅུད་ཀྱིས་གཙོ་གཉེར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི་2024ལོའི“ལོ་གསར་བསུ་བའི་རི་འཛེགས་བྱེད་སྒོས་བདེ་ཐང་སྐུལ་སྤེལ་གཏོང་”ཞེས་པའི་ལོ་གསར་བསུ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་རི་འཛེགས་རྐང་ཐང་མར་བསྐྱོད་པའི་བྱེད་སྒོ་ནང་ཞུགས་པ་རེད།

ཧྲི་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་ཡིས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་རི་འཛེགས་རྐང་ཐང་མར་སྐྱོད་པའི་བྱེད་སྒོ་ནི་ལོ་གསར་བསུ་བའི་སྲོལ་རྒྱུན་གྱི་དོན་ཆེན་ཞིག་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་དང་བདེ་ཐང་གི་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། བདེ་ཐང་གི་གཟུགས་གཞི་གཏོད་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཁོང་གིས་གཙོ་གཉེར་ཕྱོགས་ཀྱིས་སྒྲིག་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྒོའི་འགན་ལེན་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་དུས་མཚུངས་སུ་རྣམ་པ་ཟབ་མོ་གཏོད་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲོང་མི་དེ་བས་མང་བས་ལོ་གསར་ལ་བསུ་བ་ཞུ་བའི་དྲོ་སྐྱིད་ཀྱི་རྣམ་པ་མྱོང་རོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཆུ་ཚོད་11དང་སྐར་མ་10ཡི་ཐོག་ཕུའུ་ཡུས་ཧུའེ་ཡིས་བཀའ་བཏང་མེ་མདའ་བརྒྱབ་པ་དང་ཆབས་ཅིག་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་པའི་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས། དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལུས་རྩལ་སྦྱོང་བརྡར་གྱི་གོམས་གཤིས་བཟང་པོ་འཇགས་པ། སྤྱི་ཚོགས་ཡོངས་སུ་ལུས་སྦྱོང་ལ་བརྩི་མཐོང་དང་ལུས་སྦྱོང་ནང་ཞུགས་པ། བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བཅས་བྱས་ཏེ་ལུས་རྩལ་སྦྱོང་བརྡར་དེ་མི་རྣམས་ཀྱི་འཚོ་བའི་ཆ་ཤས་ཤིག་ཏུ་འགྱུར་བ་དང་། མི་དམངས་མང་ཚོགས་ཀྱིས་ལུས་རྩལ་ལས་བྱུང་བའི་བདེ་ཐང་དང་སྤྲོ་སྣང་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད།