འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་1ཚེས་3ཉིན་ལ། གྲོང་ཨུད་རྒྱུན་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས“དགོངས་པ་སློབ་སྦྱོང་དང་།ཏང་གཤིས་ལ་ཤུགས་སྣོན།ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་འཇོག་”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ།“བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་་གཏོང་བ།དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ།སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཡུལ་དང་ཡང་ཡང་བསྡུར་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་།སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ།སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་”བཅས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཧེ་བག་ལ་ཞིབ་བཤེར།ཏང་གཤིས་དབྱེ་ཞིབ།བསམ་བློའི་འབྱུང་རྩ་ནས་གནད་དོན་ཐག་གཅོད་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་“གཏན་འཁེལ་གཉིས”ལ་རང་རྟོགས་ངང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ།“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་གི་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤེ་དབྱིང་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།
གྲོང་ཨུད་རྒྱུན་ཨུད་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཚོགས་འདུ་མ་འཚོག་གོང་གྲ་སྒྲིག་གང་ལེགས་བྱས་ཏེ།སློབ་སྦྱོང་དང་བགྲོ་གླེང་སྒྲིག་འཛུགས་ནན་ཏན་དང་’ལྷག་བསམ་ཟོལ་མེད་ངང་སྙིང་གཏམ་ཤོད་རེས་བྱེད་པ‘གནད་དོན་བཙལ་འཚོལ་གཏིང་ཟབ་བྱེད་པ།དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཞིབ་བཤེར་དབྱེ་ཞིབ་བྱེད་པ་དང་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་ཡིག་ནན་ཏན་འབྲི་བ་བཅས་བྱས་ཏེ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།
ཚོགས་འདུའི་ཐོག གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2022ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་གཞིར་བརྟེན་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་སྐུལ་འདེད་གཏོང་བ་དང་དག་ཐེར་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ཞིབ་བསྡུར་སྐྱོན་བཤེར་གནང་བ་དང་སྣེ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད།དེ་རྗེས་རྒྱུན་ཨུ་བློ་མཐུན་རྣམ་གྱིས་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ནས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་སྐྱོན་བརྗོད་བྱས་པ་རེད།
ཚང་མས་གྲི་དངོ་རང་གཏད་ཀྱི་སྙིང་སྟོབས་དང་དངོས་སྒྲུབ་གོ་ཆོད་ཀྱི་བྱེད་ཐབས་སྤྱད་ནས།རང་སྐྱོན་རང་བརྗོད་དོན་དངོས་དང་མཐུན་པ།ཕན་ཚུན་སྐྱོན་བརྗོད་བཙན་པོ་དང་འཐབ་སར་གཏུག་ཕོད་པ།དག་ཐེར་ཡོ་བསྲང་བྱེད་ཐབས་ཞིབ་ཕྲ་དང་ཏན་ཏིག་བཅས་ཡིན་པས། ཆབ་སྲིད་ཀྱི་བརྟག་བཤེར་དང་ལེན་དང་ཆབ་སྲིད་ཀྱི་ཐལ་རྡུལ་གཙང་འཕྱག ཆབ་སྲིད་ཀྱི་བླ་སྲོག་གཙང་འགྱུར་བཅས་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ་པ་དང་།གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་ཚན་པས་མཐུན་སྒྲིལ་དམ་ཟབ་དུ་གཏོང་བ་དང་ལས་ཀ་ལེགས་བཅོས་བྱེད་པ།འགན་འཁུར་ཕོད་པ་བཅས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།
ཕྱོགས་སྡོམ་གསུང་བཤད་གནང་སྐབས།ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པ།“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ། གྲོང་ཨུད་ཡི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་གཞི་ཚུགས་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ཏེ་སྙིང་སྟོབས་ཆེར་བསྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་བསྟན་པ་རེད།
ཁོང་གིས་ནན་བཤད་གནང་དོན།དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་ཐད་དཔེ་སྟོན་དགོས་པ་དང་ཕྱོགས་ཡོངས་ནས་དག་ཐེར་ཡོ་བསྲང་དམ་འཛིན་མཐར་ཕྱིན་བྱེད་པའི་ཐད་མིག་དཔེ་སྟོན་དགོས།སྣེ་ཁྲིད་དེ་འགན་འཁུར་ཕོད་པ་བྱ་རྒྱུ་ཐད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་བྱེད་དགོས‘སྣེ་ཁྲིད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཐད་སྤྱོད་ཚུལ་ལེགས་འགྱུར་བྱེད་པའི་མིག་དཔེ་སྟོན་དགོས།
ཚོགས་འདུར་ཞུགས་ནས་ཁྲིད་སྟོན་བྱེད་མཁན་གྲས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་དོན་གྲུབ་ཡོད་པ་རེད།