འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས2ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་སྐོར་གྱི་སྙན་ཞུ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་བཀོད་གཏོང་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་།གྲོང་ཨུད་ཀྱི་རྒྱུན་ཨུ།དྲིལ་བསྒྲགས་པུའི་པུའུ་ཀྲང་དང་།གྲོང་ཨུད་ཀྱི་གཙོ་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ།གཞུང་ལས་ཁང་གི་ཀྲུའུ་རེན་ལི་པིན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཁོངས་མི་རྣམས་ཚོགས་འདུར་ཞུགས་པ་རེད།
ལི་པིན་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མགོ་ཡོད་མཇུག་ཡོད་དང་དཀའ་སྤྱད་འབད་བརྩོན་བྱས་ནས་སྤེལ་རེས་གཏིང་ཟབ་བྱེད་པའི་ཁྲོད་ངོས་འཛིན་གཅིག་མཐུན་ཡོང་བ་དང་ཕན་ཚུན་བློ་སྒོ་འབྱེད་རིང་བསམ་ཕྱོགས་རྒྱ་ཆེར་གཏོང་བ་དང་། གནད་དོན་ལ་དམིགས་པ།བྱེད་ཐབས་འཐུས་ཚང་དུ་གཏོང་བ། བརྟག་ཞིབ་ཀྱི་གྲུབ་འབྲས་དོན་དུ་སྨིན་པར་སྐུལ་འདེད་ནུས་ལྡན་བཅས་བྱས་ཏེ།བརྟག་ཞིབ་ཀྱི“མཇུག་སྐྱོང་ལས་དོན”ལེགས་པར་སྒྲུབ་པ་དང་། བྱ་གཞག་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
ལི་པིན་གྱིས་ངོས་འཛིན་མཐོར་གཏོང་གི་ཚུགས་གནས་སུ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཚོགས་འདུའི་དགོངས་དོན་ཁག་གནད་དོན་དག་ཐེར་དང་གྲུབ་འབྲས་གཞན་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་ལམ་སྲོལ་གྱི་འགག་གནད་བསལ་ཏེ་བརྟག་ཞིབ་ལས་དོན་དེ་ཞབས་ཞུའི་ལྟེ་གནས་ཀྱི་སྤྱི་ཡོངས་ཁྲོད་བཀྲག་མདངས་འཚེར་རྒྱུར་སྐུལ་འདེད་གཏོང་དགོས། བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ཐད་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་དཀའ་གནད་དང་དཀའ་གནད་ཆེ་སར་དམ་པོར་དམིགས་པ། ལྟ་སྡུར་ཞིབ་བཤེར་ནན་ཏན་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱེད་མཁས་པོ་བཅས་བྱས་ཏེ།འགལ་ཟླའི་མདུན་དུ་གཡོལ་ཐབས་མི་བྱེད་པ་དང་དཀའ་ངལ་གྱི་མདུན་དུ་ལག་ལེན་མི་བསྟར་བར་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་གཏིང་ཟབ་ལ་ཤུགས་སྣོན་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས། རྒྱུན་རྣམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་གནད་དོན་རྗེས་སྙེག་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཐོག་ཞིབ་བཤེར་དང་དག་ཐེར་ལ་མུ་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པའི་ཕན་འབྲས་ཐོན་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།