国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月05日

གྲོང་ཁྱེར་སྲིད་གཞུང་གིས་ཏང་ཙུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་ཞིབ་དག་ཐེར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྐོར་ཞིབ་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲི་ཀྲང་ལའོ་ཆིན་འུའུ་བཅས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་དང་དཔྱད་བརྗོད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ལའོ་ཆིན་འུའུ་ཡིས་སྲིད་གཞུང་གི་ཏང་ཙུའུ་ཡི་འགོ་ཁྲིད་ཚན་པའི་ཚབ་ཞུས་ནས་ལྟ་སྡུར་ཞིབ་བཤེར་བྱས་པ་དང་འབྲེལ་སྣེ་ཁྲིད་དེ་མི་སྒེར་གྱི་ལྟ་སྡུར་ཞིབ་བཤེར་ཡང་བྱས་པ་རེད།ཀྲང་ཅན་ཧྭ་དང་ལུའི་གོ་ཅན། ཝུའུ་དབྱིང་ཧའེ།ལིའུ་ཝུན་ཏེ།སྒྲོལ་དཀར།ཀའོ་ཞུའེ་ཝུན།ཕུའུ་ཡུས་ཧུའེ།ཉི་མ་ཚེ་རིང་།ཝུའུ་ཅན།ཞེ་ཝུན་ཀོང་།ཐོགས་མེད་ཤེས་རབ་སོགས་ཚན་པའི་ཁོངས་མིས་རིམ་པ་བཞིན་མི་སྒེར་གྱི་ལྟ་སྡུར་ཞིབ་བཤེར་བྱས་པ་རེད།

ཚོགས་འདུའི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད།གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་གཞུང་དོན་ཁང་གི་ལས་ཀའི་བླང་བྱ་གཞིར་བཟུང་།དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་བྱས་ཏེ།གནད་དོན་བཙལ་འཚོལ་དང་ཐེར་འདོན།རྩ་སློག་བཅས་བྱེད་པ་དང་།རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་དང་བསམ་བློ་གཏོང་བ།ཕན་ཚུན་སྐྱོན་བརྗོད་ལ་ནང་དོན་ལྡན་པ།“ངོ་ཚ་”མཐོང་བ།དག་ཐེར་ཡོ་བསྲང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕུགས་ཕན་ཐོན་པ་བཅས་བྱས་ནས་སྔོན་དཔག་གི་དམིགས་ཡུལ་འགྲུབ་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད། ལའོ་ཆིན་འུའུ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱད་དེ་བླ་སྲོག་གཏོད་རྒྱུ་ནི་བྱ་གཞག་ཁག་ཟམ་མི་ཆད་པར་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་།རྒྱལ་ཁ་ཐོབ་པའི་རྨང་གཞི་དང་རྩ་བ་དེ་རེད།གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡིས་ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འགོ་འཛུགས་ས་གསར་པར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།གྲོང་ཨུད་ཀྱི་སྲ་ཞིང་བརྟན་པའི་སྣེ་ཁྲིད་འོག་གནད་ཆེའི་སློབ་གསོའི་ཕན་འབྲས་དེ་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་སྔར་བས་འགྱུར་བ་བྱེད་དགོས།