འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1པོའི་ཚེས་3ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་མ་འཚོག་གོང་གི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལའོ་ཆིན་འུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ།བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།རིམ་ཁག་སྡེ་ཚན་གྱིས་ཀྲུང་དབྱང་གིས་བཏོན་པའི་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་མ་འཚོག་གོང་གཅིག་སྡུད་སློབ་སྦྱོང་བྱེད་རྒྱུའི་སྐོར་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཏང་ཀྲུང་དབྱང་དང་།ལྗོངས་ཏང་ཨུད།དེ་བཞིན་གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དམིགས་ཚད་ལས་འགན་ཁག་སྟངས་འཛིན་ཡང་དག་བྱེད་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ།གོ་རིམ་ཚད་ལྡན་དུ་གཏོང་བ།“ཆབ་སྲིད་ལ་སྣང་ཆེན་བྱེད་པའི”མཐོ་ཚད་ཐོག་ནས་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པ།སྤུས་ཚད་མཐོ་པོའི་ཐོག་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་དགོས་ཞེས་བསྟན་གནང་ཡོད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་དང་དེ་བཞིན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ནི་བློ་སྦྱོང་དང་།སྲིད་སྐྱོང།དོན་སྒྲུབ་བཅས་ཀྱི་རིན་ཐང་ཚད་གཞི་དང་བྱ་སྤྱོད་ཀྱི་མཛུབ་ཁྲིད་དུ་བྱས་ནས་ཆབ་སྲིད་ཐད་ཀྱི་བློ་དཀར་སེམས་དཀར་དེ་ཤ་འཐིམས་རུས་འཐིམས་ཡོང་བ་བྱས་ཏེ།ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།གྲོང་ཨུད་ཀྱི“ཏང་འཛུགས་སྐྱོང་སྲ་བརྟན་ལོ”དང“སྤྱོད་ཚུལ་ལེགས་གཏོང་ལོའི”བཀོད་སྒྲིག་བླང་བྱར་གཞི་ཚུགས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་གིས་སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་།སྒྲིག་ལམ་སྲུང་བ།རང་གཅུན་ནན་པོ།སྒེར་ཕན་མི་སྒྲུབ་པ་བཅས་བྱས་ནས་ལས་སྒྲུབ་ཧུར་ཐག་དང་།འགན་འཁུར་ཕོད་པ།སྤྱོད་ཚུལ་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་ནས་སྐུལ་འདེད་བཏང་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱས་ནས་སྤྱོད་གཙང་སྲིད་སྐྱོང་དང་སྤྱོད་གཙང་ལས་སྒྲུབ་ཀྱི་གཟུགས་བརྙན་བཟང་པོ་བསྐྲུན་དགོས།གཙོ་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ཏེ“ལོ་བདུན་གཞི་རྩར་འཛིན་པ་དང་།ལོ་གསུམ་དམ་འཛིན་ལེགས་པོ།ལོ་ལྟར་ཡག་པོ་སྒྲུབ་པ་བཅས”ཀྱི་བླང་བྱ་ལྟར་ཉེན་ཁ་འགོག་སེལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་།སྙིང་རུས་ལས་བརྩོན།དཀའ་སྤྱད་དངོས་སྒྲུབ།འགན་ཁུར་ནས་བྱས་རྗེས་འཇོག་པ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་ཐད་ཕན་འབྲས་ནུས་ལྡན་ཐོན་པ་དང་གྲངས་འབོར་ལུགས་མཐུན་འཕར་རྒྱུར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་ས་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།དེ་དང་ཆབས་ཅིག་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གོ་སྐབས་དང་བསྟུན་ནས་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ་དང་།བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ།རང་ངོས་སུ་ལྷག་པའི་གནད་དོན་རྣམས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་བཅས་བྱས་ཏེ་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བྱ་ཐབས་གལ་ཆེན་འདི་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་འགོ་ཁྲིད་ཀྲང་ཅན་ཧྭ་དང་ལུའེ་གོ་ཅན།ཝུའུ་དབྱིང་ཧའེ་ཡིས་སྤེལ་རེས་གཏམ་བཤད་གནང་བ་དང་།གྲོང་ཁྱེར་འགོ་ཁྲིད་ལིའུ་ཝུན་ཏེ་དང་།སྒྲོལ་དཀར།ཀའོ་ཞུའེ་ཝུན།ཕུའུ་ཡུས་ཧུའེ།ཉི་མ་ཚེ་རིང་།ཝུའུ་ཅན།ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཞུགས་པ་རེད།