国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年01月05日

གྲོང་ཁྱེར་སྲིད་གཞུང་གིས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས3ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིག་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ།

ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་བཀོད་སྒྲིག་བྱས་ནས་རང་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས།རིམ་པ་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དུས་བབ་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ།ཞན་ཆ་གསབ་ཚད་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

ལའོ་ཆིན་འུའུ་ཡིས་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྒྱུན་གཏན་ཅན་གྱི་གཞུང་དོན་གྲོས་བསྡུར་དང་གྲོས་མོལ་བྱེད་པའི་ལས་ཀའི་ལས་སྟེགས་འཛུགས་ཏེ། ས་གནས་རང་བཞིན་གྱི་ནུས་རྒྱུ་གཙང་མའི་ལས་རིགས་དོ་དམ་གྱི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་བཏོན་ཡོད། ནུས་རྒྱུ་གཙང་མའི་ནོར་ཁྲལ་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་རྒྱབ་སྐྱོར་དང་ནོར་ཁྲལ།མ་གནས། ཉེན་ཁ་ཆ་བགོས་ལམ་སྲོལ་སོགས་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་ནས། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་བརྟེན་ནུས་པ་ཤུགས་ཆེར་གཏོང་བ་དང་མི་དོན་གྱི་ལེ་ལག་ཚང་བའི་ནུས་རྒྱུ་གཙང་མའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་དང་ཤེས་ལྡན་པ་འགུགས་པ། ཤེས་ལྡན་པ་གནས་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་གཏོད་ཅིང་། ནུས་རྒྱུ་གཙང་མའི་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ཕྱིར་སྐྱེལ་བརྒྱུད་ལམ་འཛུགས་སྐྲུན་དང་ནང་མཁོ་དྲ་སྒྲོམ་མཐོར་འདེགས་ཇེ་མགྱོགས་སུ་གཏོང་བ་དང་། གློག་དྲ་གཅིག་གྱུར་གྱིས་བཀོད་གཏོང་དང་དོ་དམ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ།“ཆུ་དང་འོད། རླུང་”བཅས་ཀྱི་གློག་ཁུངས་སྣ་ཚོགས་སྡེབ་སྒྲིག་ནུས་ལྡན་དང་ཕན་ཚུན་ཁ་གསབ་བྱས་ཏེ་གློག་ཤུགས་མ་ལག་གི་སྟབས་བསྟུན་རང་བཞིན་དང་བདེ་འཇགས་རང་བཞིན། བརྟན་པོའི་རང་བཞིན་བཅས་ཆེ་རུ་གཏོང་ནས། ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཚད་མགྱོགས་སུ་གཏོང་བ། གློག་དྲ་གཅིག་གྱུར་བཀོད་གཏོང་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཁུངས་གཙང་མ་གློག་འདོན་སྔོན་ལ་དབོར་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ས་གནས་ཀྱི་གཙོ་རྟེན་ཁེ་ལས་གསོ་སྐྱོང་། ནུས་རྒྱུ་གཙང་མའི་བཀོལ་སྤྱོད་ཚོང་ར་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་བ། ནུས་རྒྱུ་གཙང་མའི་“1+N”འཕེལ་རྒྱས་གཏོང་སྟངས་འཛུགས་པར་ཤུགས་རྒྱག་པ།“ནུས་རྒྱུ་གཙང་མ་དང་འགྲིམ་འགྲུལ་་”རྣམ་གྲངས་བཀོད་སྒྲིག་བྱེད་པ།རླངས་འཁོར་གྱི་ནུས་ཁུངས་བསྒྱུར་བར་དམ་པོར་དམིགས་པ།ལྗང་མདོག་འགྲིམ་འགྲུལ་འདུ་ཤེས་ཇ་རྟའི་གཞུང་ལམ་འཛུགས་སྐྲུན་གྱི་བཀོད་པ་དང་འདྲེས་པར་བྱེད་དེ་ཐོན་ལས་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ནུས་རྒྱུ་གཙང་མའི་རྟེན་གཞི་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཐོན་ལས་སྦྲེལ་ཐག་གི་མཐུན་སྦྱོར་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་ཆུ་གློག་སྒྲིག་སྦྱོར་དང་ཉི་ནུས་གློག་རྫས་ལེབ་མོ་བཟོ་སྐྲུན་སོགས་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་སྒྲིག་སྦྱོར་ཁེ་ལས་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་ལས་ཞུགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཤར་རྒྱུད་ཀྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་རྟེན་གཞིའི་རྒྱབ་ལྗོངས་དང་དོན་སྙིང་། སྲིད་ཇུས་སོགས་ཀྱི་ཐད་ནས་འགྲེལ་བཤད་བརྒྱབ་པ་དང་ གྲོང་ཁྱེར་གྱི་འགོ་ཁྲིད་ལིའུ་ཝུན་ཏེ་དང་ཀའོ་ཞུའེ་ཝུན། ཕུའུ་ཡུས་ཧུས་བཅས་ཀྱིས་འགྲིམ་འགྲུལ་གྱི་ཁྱབ་ཁོངས་དང་ཞིང་འབྲོག་ལས། སློབ་གསོ་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་གཏམ་བཤད་སྤེལ་རེས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཅན་ཧྭ་དང་ལུའི་གོ་ཅན།ཝུའུ་དབྱིན་ཧའེ་དང་སྒྲོལ་དཀར། ཉི་མ་ཚེ་རིང་། ཝུའུ་ཅན། ཐོགས་མེད་ཤེས་རབ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།