འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1ཚེས3ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིག་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ།
ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལ་བཀོད་སྒྲིག་བྱས་ནས་རང་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས།རིམ་པ་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དུས་བབ་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ།ཞན་ཆ་གསབ་ཚད་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད། 2026ལོའི་ལོ་མཇུག་ཏུ་འཕྲུལ་ཚན་ཐོག་མ་དེ་བཀོལ་སྤྱོད་བྱ་རྒྱུའི་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཆུ་བཀག་པའི་བཀའ་རྒྱ་བཏང་བ་དང་བསྟུན་ནས། ས་རྡོ་མང་པོ་རླངས་འཁོར་གིས་ཆུའི་ནང་བླུགས་ཤིང་། སྐར་མ་10ཡི་རྗེས་སུ་ཨར་སྐྲུན་ཚན་པའི་འགན་འཁུར་བས།ཆུ་བཀག་ཐུབ་སོང་ཞེས་སྙན་སེང་ཞུས་མ་ཐག།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆུ་བཀག་ཐུབ་པའི་ཁྱབ་བསྒྲགས་གནང་ཞིང་།ཏ་ཐང་བོད་ལྗོངས་བྲག་ལམ་ཆུ་གློག་ལས་གཞི་འཛུགས་སྐྲུན་དངོས་སུ་འགོ་ཚུགས་པ་རེད།
བྲག་ལམ་ཆུ་ཤུགས་གློག་ཁང་གི་སྤྱིའི་སྒྲིག་སྦྱོར་སྟོང་ཝ་ཁྲི101.5ཙམ་ཤོང་གི་ཡོད་པ་དང་།གཡུ་ཆུའི་ཆུ་གཞུང་ཨ་མའི་སྨད་རྒྱུད་སྐས་དབྱིབས་གཟུགསཀྱི་གློག་འདོན་ཇུས་གཞིའི་རིམ་དྲུག་པ་དེ་ཡིན་ཞིང་།རང་སྐྱོང་ལྗོངས་ཁུལ་ཡོངས་ཀྱི་ལོགས་སུ་ཆོག་མཆན་སྤྲད་པའི་སྟོང་ཝ་ཁྲི་བརྒྱ་ཕྲག་ལས་བརྒལ་བའི་གློག་གི་རྣམ་གྲངས་ཤིག་ཡིན་ལ་བོད་ཀྱི་ཤར་ལྷོའི་ཕྱོགས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་“བོད་གློག་ཕྱིར་གཏོང་”གི་གློག་ཁུངས་གཙོ་བོ་དང་སྔོན་ལས་དཔེ་སྟོན་གྱི་རྣམ་གྲངས་ཤིག་ཡིན་ལ།མིག་སྔར་རྒྱལ་ནང་གི་འབབ་ཤུགས་མཐོ་བ་དང་།ཤོང་ཚད་ཆེ་བ།སྐྱོམ་རྡབ་ལྡན་པའི་འཕྲུལ་ཚན་ཞིབ་འཇུག་དང་དངོས་སུ་བེད་སྤྱོད་ལ་ཆ་རྐྱེན་འཛོམས་པའི་ཆུ་ཤུགས་གློག་ཁང་ཉག་གཅིག་ཆགས་ཡོད།
རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།ལྗོངས་ནུས་རྒྱུ་ཅུད་ཀྱི་ཅུད་ཀྲང་མེས་ཧྥང་ཆོན་གྱིས་བྲག་ལམ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་དོན་སྙིང་ཆེ་ཤོས་ནི་འབབ་ཤུགས་མཐོ་བ་དང་ཤོང་ཚད་ཆེ་བ། སྐྱོམ་རྡབ་ལྡན་པའི་འཕྲུལ་ཚན་དེ་ཡིན།སླད་ཕྱིན་ང་ཚོས་ཚན་རྩལ་གྱི་མཐོ་གནོན་བཙན་ས་སྔར་ལས་མང་བ་འཛིན་རྒྱུ་དང་ཐ་ན་འཛམ་གླིང་ཡོངས་སུ་ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་ཚད་གཞི་གསར་གཏོད་དང་ལག་རྩལ་གསར་གཏོད་སྔར་ལས་གསོག་འཇོག་གལ་ཆེན་འདོན་སྤྲོད་བྱ་རྒྱུ་དེ་ཡིན་”ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ཀྲུང་གོ་ཏ་ཐང་གིས་བོད་ལྗོངས་འདི་ཉིད་ཏཱ་ཐང་གི་འཕེལ་རྒྱས་གཏོང་བྱེད་ཀྱི་ཡུལ་གཙོ་བོ་ཞིག་ཏུ་རྩི་བཞིན་ཡོད་ལ་བྲག་ལམ་ཆུ་ཤུགས་གློག་ཁང་ནི་ཀྲུང་གོ་ཏཱ་ཐང་གི་“ལས་གཞི་དང་པོར་”བརྩིས་ནས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གིན་ཡོད་ལ་གློག་ཁང་འདི་འཛམ་གླིང་གི་འཕྲུལ་ཚན་ཐོག་མ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགག་སྒྲོལ་ལས་གཞི་ནང་འདྲེན་བྱས་ནས།འཛམ་གླིང་ཡོངས་ལ་མེད་པའི་ཆུ་ཁ་མཐོ་ཚད་སྨི700ཅན་དང་ཀྲའོ་ཝ500ཅན་གྱི་ཆུ་ཤུགས་ཀྱིས་སྐྱོམ་རྡབ་ལྡན་པའི་འཕྲུལ་ཚན་ཁ་སྐོང་བྱས་ཡོད།2023ལོའི་ཟླ6ཚེས9ཉིན་གློག་ཁང་གི་གཞི་གདན་དངོས་སུ་ལས་འགོ་ཚུགས་པ་དང་ལས་རིགས་ཕྱི་ནང་གི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད། ས་གནས་ཏང་ཨུད་དང་སྲིད་གཞུང་གི་དོ་སྣང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་འོག་རྒྱལ་ནང་གི་ཚན་རིག་ཞིབ་འཇུག་དང་ལག་རྩལ་བློ་འདོན་ལས་ཁུངས་ཀྱི་མཛུབ་སྟོན་འོག་ཡུལ་དངོས་སུ་འཛུགས་སྐྲུན་པ་མི2500ལྷག་ས་མཐོའི་གྲང་ངར་དང་དཀའ་ངལ་ལ་མ་འཛེམས་པར་སྡུག་རུས་ཆེར་སྐྱེད་གནང་བར་བརྟེན།2023ལོའི་ལོ་མཇུག་ཏུ་བྲག་ལམ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་རྒྱག་སའི་བཞུར་ཆུ་བཀག་པའི་བདེ་འཇགས་ཆོད་སྡོམ་དང་སྤུས་ཚད་ལྟ་སྐུལ་དེ་བཞིན་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་ཀ་ཆེད་ལས་རྩིས་ལེན་་ཐོབ་པ་དང་།2023ལོའི་ཟླ12ཚེས28ཉིན་ཆུ་བཀག་རྩིས་ལེན་ཨུ་ཡོན་ལྷན་ཁང་ལ་རྩིས་འཕྲོད་པས་གློག་ཁང་འདི་ལ་ཆུ་རྒྱུན་བཀག་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད་པ་རེད།
བོད་ལྗོངས་ཏ་ཐང་ཆུ་ཤུགས་གློག་ཁང་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པའོ་ཤིན་གྱིས་གསར་འགོད་པར“དགྲ་ལྷའི་ཆུ་ཤུགས་གློག་ཁང་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུའི་ཆོག་མཆན་ཐོབ་པའི་ཆན་ཝ་ཁྲི་བརྒྱ་ཟིན་པའི་ཆུ་གློག་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་།ཚེས་26ཉིན་གྱི་ཟླ་12པའི་ཟླ་མཇུག་ཏུ་འཕྲུལ་ཚན་དང་པོ་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་2027ལོའི་ལོ་མཇུག་ཏུ་ལས་གྲྭ་ལེགས་གྲུབ་ཟིན་རྒྱུ་རེད།
བོད་ལྗོངས་ཏ་ཐང་བྲག་ལམ་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པའོ་ཤིན་གྱིས་གསར་འགོད་པར་“བྲག་ལམ་ཆུ་ཤུགས་གློག་ཁང་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུའི་ཆོག་མཆན་ཐོབ་པའི་ཆན་ཝ་ཁྲི་བརྒྱ་ཟིན་པའི་ཆུ་གློག་རྣམ་གྲངས་ཐོག་མ་དེ་ཡིན་པ་དང་།དེ་རིང་བྲག་ལམ་ཆུ་ཤུགས་གློག་ཁང་ལས་གྲྭ་བདེ་བླག་ངང་ཆུ་བཀག་ཐོབ་པ་དེས་ལས་གྲྭའི་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ་རེད།ང་ཚོས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་ལ་མཐུན་སྒྲིལ་བྱས་ཏེ“མཉམ་བཞིའི”དང་བྲག་ལམ་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་སྟེ།སྔོན་དཔག་བྱས་ན་ལས་གྲྭ་དེ་2026ལོའི་ཟླ་11པའི་སྔ་སྣུར་དུ་གློག་སྒོ་བརྒྱབ་ནས་ཆུ་གསོག་རྒྱུ་དང་།2026ལོའི་ཟླ་12པའི་ཟླ་མཇུག་ཏུ་འཕྲུལ་ཚན་དང་པོའི་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད2027ལོའི་ལོ་མཇུག་ཏུ་ལས་གྲྭ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཀྲུང་གོའི་ཏ་ཐང་གིས་བྲག་ལམ་ཆུ་ཤུགས་གློག་ཁང་གི་ཚན་ཞིབ་འགག་སྒྲོལ་དཔེ་སྟོན་རྣམ་གྲངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་ཏེ།ས་གནས་དང་ཁེ་ལས་ཀྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་ཟབ་ཏུ་གཏོང་ནས བོད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆབ་མདོ་གྲོང་ཁྱེར་གྱིས་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་འཛུགས་སྐྲུན་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།