འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་3ཉིན།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་དང་པོ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཤིང་།ཁོང་གིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།“ཧྥེང་ཆའོ་ཉམས་མྱོང་”དང་“ལས་གྲྭ་ཁྲི་སྟོང”“ཕུའུ་ཅང་གི་ཉམས་མྱོང་”སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།བསམ་བློར་སློབ་སྦྱོང་དང་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན།རྫོང་རིམ་པ་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་གཏན་འབེབས་འགའ་ཞིག དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚན་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤེ་དབྱིང་དང་ཙུའུ་ཀྲང་གཞོན་པ་དོན་གྲུབ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་རེད།
སློབ་སྦྱོང་ཚོགས་འདུའི་ཐོག་ལི་པིན་དང་ཀྲང་ཝུན་ཧྲེང་གིས་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ཏེ།ལས་བགོས་འགན་གཉེར་ལས་དོན་དང་ཟུང་འབྲེལ་བྱས་ཏེ་སྤེལ་རེས་གཏམ་བཤད་གནང་བ་རེད།ལའོ་ཆིན་འུའུ་དང་ཀྲང་ཅན་ཧྭ།ལུའི་གོ་ཅན།ཧི་ཧྲེང་།ལི་ཧྲི་ཅང་ དངོས་གྲུབ་ཟླ་བ།ཝུའུ་དབྱིང་ཧའེ།ཝང་ཧྲི་ཡུས།ཅ་ཤིན་ཡུས ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་པ་རེད། ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“གཏན་འཁེལ་གཉིས”སྲུང་སྐྱོང་དང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་མཐོ་ཚད་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་ནང་དོན་དེ“ཧྥེང་ཆའོ་ཉམས་མྱོང་”དང་“ལས་གྲྭ་ཁྲི་སྟོང”“ཕུའུ་ཅང་གི་ཉམས་མྱོང་”བཅས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས།
ཀུང་ཧུའེ་ཚའེ་ཡིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་བསམ་བློ་གཅིག་གྱུར་གྱི་བྱ་སྤྱོད་སྤེལ་དགོས། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ནང་དོན་ཕུན་སུམ་ཚོགས་པ་ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་དགོངས་པ་གལ་ཆེན་དེའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་གསལ་པོ་ཤེས་པ་བྱས་ཏེ“ཅི་ཞིག་བྱ་དགོས་པ་དང་། གང་བྱེད་དགོས་པ། ཇི་ལྟར་སྒྲུབ་པ”བཅས་ཁོང་དུ་ཡག་པོ་ཆུད་པ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་བའི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་ཚོགས་ཀྱི་འཚོ་བའི་ཚོགས་འདུའི་བླང་བྱ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གནད་དོན་གྱི་ཁ་ཕྱོགས་སྟོན་པ།ལས་ཀའི་ནང་རང་འཇོག་པ་དང་། འགན་འཁྲི་འཁུར་བ། ལས་ཀའི་ནང་ཞུགས་པ་བཅས་བྱས་ཏེ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་འཚོལ་བ།བྱེད་ཐབས་གསལ་པོ་བཟོ་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་གནས་ཕུགས་བསམ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་ཁྲིད་སྟོན་བྱེད་པ།ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་དགོས།
འཚོལ་ཞིབ་དང་ལག་ལེན་ཁྲོད་དུ་“ཧྥེང་ཆའོ་ཡི་ཉམས་མྱོང་”འཕེལ་རྒྱས་གཏོང་དགོས་ན“བཅོས་སྐྱོང་དང་མཉམ་བསྲེས་ལྔའི”མ་ལག་འཛུགས་སྐྲུན་ལ་དམིགས་ནས།“ཧྥེང་ཆའོ་ཅན་གྱི་མངགས་གཏོང་ཁང་དང་། ཁྲིམས་འཛིན་ཁང་།”བཅའ་ཁྲིམས་ཀྱི་རོགས་སྐྱོར་ས་ཚིགས་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དྲ་མིག་ཅན་གྱི་མི་སྣ་དང་དུད་སྦྲེལ་སྤྱི་མི། ཐོག་ཁང་ཇུས་གཏོགས་བྱེད་མཁན་སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས།“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་སྐྱོད་པ་དང་འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་བྱེད་པའི་”བྱེད་སྒོ་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཏེ། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”དེ་མང་ཚོགས་ཀྱི་“འགག་རྩའི་དོན་ཆུང་རེ་རེ་”ཐག་གཅོད་བྱེད་རོགས་དང་རྩོད་གཞི་རེ་རེ་བཞིན་ཐག་གཅོད་བྱེད་རོགས་བྱེད་པའི་ཐོག་དངོས་སུ་མཚོན་ཐོབ་དགོས་པ། གཞི་རིམ་གྱི་ལས་རིགས་རེ་རེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་རེ་རེའི་ཐོག་སྤྱད་དེ།འགལ་བ་དང་གནད་དོན་ས་གནས་དེ་གར་བསྡུ་ལེན་དང་གཞི་རིམ་དུ་སེལ་གང་ཐུབ་བྱས་དགོས། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།དོན་དངོས་ཀྱི་ལས་ཀའི་ཁྲོད་དུ་“ཁྲི་སྟོང་ལས་གྲྭ་”སྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་གྲོང་ཁྱེར་དོ་དམ་གྱི་སྒྲིག་བཀོད་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཐང་སྐྱ་སྲང་ལམ་དང་སྟག་རྩ་ཐང་།སྤང་མདའ་ཁྲོམ་ལམ།དཀར་ཐང་ཁྲོམ་ལམ། སི་ཁྲོན་ཟམ་པ་སོགས་ཡུག་ཁུལ་ཆེན་པོ་ལྔ་ཡི་སྤུས་ཚད་མཐོར་འདེགས་དང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གང་ཐུབ་དང་།“གཙང་པོ་གཅིག་དང་ངོགས་གཉིས་ཀྱི་ཐང་ཆེན་གསུམ་”གྱི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་རྒྱ་སྐྱེད་དང་སིལ་ཏོག་ཐང་གི་སྲིད་འཛིན་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།གྲོང་ཁྱེར་གྱི་ཕྱོགས་བསྡུས་བྱེད་ནུས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།གྲོང་ཁྱེར་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་ཕྱིའི་གཟུགས་བརྙན་མཚོན་པ་བཅས་བྱ་དགོས།“ཁོར་ཡུག་བཅོས་སྒྲིག་ལོའི”བཀོད་སྒྲིག་བླང་བྱར་དམིགས་ཏེ།གྲོང་གསེབ་ཀྱི་མི་ཕྱུགས་ལོགས་དབྱེ་དང་གསང་སྤྱོད་སྒྱུར་བཅོས།གད་སྙིགས་དང་བཙོག་ཆུ་གཙང་སེལ་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཀུན་ཕན་རང་བཞིན་དང་ཐ་སྐྱོང་རང་བཞིན།རྨང་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོའི་འདུ་འགོད་འཐུས་སྒོ་ཚང་དུ་གཏོང་བ།ཞིང་འབྲོག་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་དང་འཚོ་བའི་སྒྲིག་བཀོད།འཕྲིན་གཏོང་དྲ་རྒྱ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་གཏོང་ཞིང་།གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་དོན་དུ་སེམས་ཁྲལ་མཉམ་ཁུར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ།རྒྱུན་ལས་ཨུ་ཡོན་ཚན་པའི་ཁོངས་མིས་ཟླ་རེའི་ཚེས་15ཉིན་འགོ་ཁྲིད་ལས་བྱེད་པས་གཤམ་འོག་གི་ཞུ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་འགན་འཁྲིའི་ལམ་ལུགས་དང་ཐོག་མར་དང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་།ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་མངོན་གསལ་དོད་པའི་ས་གནས་སུ་སྣེ་ཁྲིད་དེ་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་ཡིག་འབུལ་ཞུ་བཅར་གྱི་ལས་ཀ་ཅུང་ཞན་པའི་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ།ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་པའི་དོན་དག་ས་གནས་ས་ཐོག་ཏུ་ཐག་གཅོད་དང་།ཐོག་མའི་འཚམས་འདྲིའི་གྱོད་དོན་གྱིས་ཉིན་7ནང་ཚུན་དུ་ངེས་པར་དུ་ལན་འདེབས་དགོས་པ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ།སྨན་བཅོས་སོགས་དངོས་ཡོད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ།གནད་དོན་རེ་རེ་བཞིན་དོན་འཁྱོལ་ཐུབ་པ་དང་བྱ་བ་རེ་རེར་ཨ་ལན་ཡོད་པའི”དངོས་ཡོད་གྲུབ་འབྲས་ཀྱིས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་པས་སྣེ་ཁྲིད་དེ་“མཇུག་གི་རྩོམ་ཡིག་ཕྱེད་ཀ་”དག་ཐེར་ཡོ་བསྲང་བྱེད་དགོས་པ་དང་།སྐོར་གཟིགས་ལྡོག་འདྲེན་གྱི་གནད་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་ཟུང་འབྲེལ་བྱས་ཏེ།ནན་པོ་ངོ་མ་དང་བཙན་པོ་དང་འཐབ་པ།ཟུར་བསྟན་ལེབ་མཐོང་བཅས་བྱས་ཏེ།འཕྲལ་མར་དག་ཐེར་ཡོ་བསྲང་གནད་འཁེལ་ཐུབ་རིགས་ཏེ་ཤེས་མ་ཐག་དག་ཐེར་ཡོ་བསྲང་དང་འཕྲལ་མར་བྱ་སྤྱོད་སྤེལ་ནས་དག་ཐེར་ཡོ་བསྲང་།དག་ཐེར་ཡོ་བསྲང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།དུས་ཚོད་ཞིག་གི་ནང་ཐག་གཅོད་བྱེད་དགོས་རིགས་ལ་ཆེད་མངགས་དག་ཐེར་བྱེད་པའི་ཇུས་གཞི་གཏན་འབེབས་བྱས་ནས། དུས་བཀག་རེ་ཞུས་བྱས་ནས་ལེགས་གྲུབ་གཅིག་བྱུང་ཚེ་གཅིག་མེད་པ་བཟོ་བ།ལྷག་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གཉིས་པའི་སྐོར་ཞིབ་ཚུར་ལན་གནད་དོན་ནང་དག་ཐེར་བྱས་ཟིན་པའི་རིགས་ལ་མུ་མཐུད་དོ་སྣང་དང་བསྐྱར་ལོག་ལ་སྔོན་འགོག།ལེགས་གྲུབ་མ་བྱུང་བའི་རིགས་ལ་མགྱོགས་མྱུར་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས།