国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

འཛུགས་སྐྲུན་གྱི་བསམ་ཕྱོགས་གསར་པ་གཅིག་ཏུ་སྒྲིལ། རྒྱང་ལམ་གསར་པའི་རླུང་གཡོར་ཤུགས་ཀྱིས་སྒྲེང་།

རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ཅིག་ཡིན་པས་འབད་འབུངས་ལྷོད་མེད་བྱེད་དགོས།

དགུན་ཟླ་ར་བའི་བོད་ཤར་ས་ཆེན་ཐོག་“དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”དམ་པོར་དམིགས་པའི་ཚ་རླབས་གང་སར་འཕྱུར་གྱིན་འདུག འགོ་ཚུགས་ས་གསར་པའི་ཐོག་ཆབ་མདོས་དཔའ་ངར་གྱི་སྙིང་སྟོབས་དང་། མདུན་སྐྱོད་ཀྱི་ཉམས་འགྱུར་ལ་བརྟེན་ནས་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྒྲ་བསྒྲགས་ཡོད།

ཟླ12པའི་ཚེས15ཉིན་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་སྐབས་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁམས་པའི་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཀུང་ཧུའེ་ཚའེ་ཡིས་གནང་བའི་ལས་དོན་སྙན་སྒྲོན་ལ་གསན་པ་དང་གྲོས་བསྡུར་བྱས་པ་དང་འབྲེལ་ཡོད《ལག་བསྟར་བསམ་འཆར》དང《གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤུས་ཚད་མཐོ་བའི་གོང་འཕེལ་དང་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག” བྱ་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ།ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

“འདས་ཟིན་པའི་ལོ་ངོ་གཅིག་རིང་གྲོང་ཨུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ངར་སེམས་ཆེར་སྐྱེད་དང་།གསར་འབྱེད་ཡར་བརྩོན། དཀའ་སྤྱད་དངོས་སྒྲུབ་བྱས་པས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་དུ་སོང་བ་དང་།མང་ཚོགས་ཀྱི་འབབ་འཕར་ཆེ་རུ་ཕྱིན་པ།གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཁྱབ་ཚད་མཐོར་འདེགས་སུ་སོང་བ།སྤྱི་ཚོགས་སྒྲིག་སྲོལ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ།ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་བསྐྱེད་ཡོད། ”ཅེས་ཆབ་མདོ་གྲོང་ཁྱེར་གྱི་སྐབས་གཉིས་པའི་གྲོང་ཨུད་ཨུ་ཡོན་གྲོང་ཁྱེར་འབྲོག་ལས་སྤྱི་ཁྱབ་ས་ཚིགས་ཀྱི་ཕྱུགས་རིགས་སྨན་པ་ཀན་ཁྲུན་ལིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

“ང་ཚོའི་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་བུད་མེད་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་ལ་ནན་ཏན་ངང་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་ཡག་པོ་བྱ་རྒྱུ་ཡིན་པ་དང་།མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་མང་ཚོགས་ཧུར་ཐག་སྣེ་ཁྲིད་དེ་སྟོབས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་བྱེད་པ་དང་།དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་གྲོང་ཨུད་ཀྱིས་གཏན་ལ་ཕབ་པའི་དམིགས་ཚད་འོས་འགན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་སུན་ཆོན་ཆིན་གྱིས་དེ་ལྟར་བཤད།

ཚང་འཛོམས་གྲོས་ཚོགས་ཐོག་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”དམ་པོར་དམིགས་པ།ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་དང་འགག་སྒྲོལ་དཀའ་སེལ་གྱི་དཔའ་ཉམས་ལྡན་པའི་སྙིང་སྟོབས།མཚམས་མི་ཆད་པའི་སྙིང་རུས་བཅས་ཀྱི་ཐོག་ནས།ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཆབ་མདོ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།

《བསམ་འཆར》གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི(འོས་མི)ནོར་བུ་ཡིས“《སྙན་སྒྲོན》དངོས་ཐོག་བདེན་འཚོལ་དང་། གྲངས་གཞི་ཞིབ་ཚགས།བཀྲག་མདངས་འཚེར་ས་བཅས་ལྡན་པ་དང་། ངར་སེམས་འཕེལ་བ། འབད་འབུངས་བཅས་ཀྱི་ཐོག་ནས་གྲོང་ཨུད་ཀྱི་འགན་འཁྲི་འཁུར་བ་དང་མང་ཚོགས་ཀྱི་རེ་སྒུག་དང་ལེན་བྱས་པ་མཚོན་ཡོད། 《བསམ་འཆར》ནི་གྲོང་ཁྱེར་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་འཕེལ་རྒྱས།དེ་བས་ལེགས་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཛིན། གྲོང་ཁྱེར་གྱི་གནས་ཚུལ་དང་མཐུན་པ་ཞིག་རེད།” ཅེས་བཤད།