国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ12ཚེས18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་གཏོང་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ལ་བརྟེན་ནས་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་དོན་གྲུབ་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་ཡོད། གྲོང་ཁྱེར་གྱི་འགོ་ཁྲིད་ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིའུ་གོ་ཅན། ཆིས་ཡན་ཧུའེ། རྡོ་རྗེ་དགྲ་འདུལ། ལིས་ཧྲི་ཅང་། ལིས་པིང་། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་ཡོད།

ཐེངས་འདིའི་སློབ་སྦྱོང་ཚོགས་འདུ་ཡིས་སློབ་སྦྱོང་བསླབ་ཚན་དེ་ཆབ་མདོ་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞིར་གཉེར་བ་དང་། ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། ལས་བྱེད་པས་དཔེ་བཟང་སྣེ་ཁྲིད་དང་རང་གཅུན་ནན་པོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཁྲིད་སྟོན་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་དང་། སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ། བབ་ཆགས་ཀྱི་སྤྱོད་ཚུལ་ཆགས་པ་བཅས་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐོག་ནས་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

ལྟ་སྐོར་མཇུག་འགྲིལ་རྗེས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ངང《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་བསྡུས》 《ཏང་གི་རང་ངོས་གསར་བརྗེ་གླེང་བ》སློབ་སྦྱོང་བྱས་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་བརྟན་པོ་ངེས་དགོས་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་བུའི་ཐོག་གནས་པ་བྱས་ནས་ནམ་ཡང་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྒོ་ཀུན་ནས་འཛུགས་བསྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། གཅིག་ནས་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་འདོམས་བྱས་ཏེ་རང་ངོས་གསར་བརྗེའི་བྱེད་པའི་ཆབ་སྲིད་ཁ་ཕྱོགས་བརྟན་པོར་སྲུང་དགོས། གཉིས་ནས་དམ་ནན་གྱི་དགོངས་གཞིའི་ཐོག་ནས་“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་རང་ངོས་གསར་བརྗེ་བྱེད་པའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་དགོས། གསུམ་ནས་ཟིལ་ཤུགས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་རང་ངོས་གསར་བརྗེ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་དགོས། བཞི་ནས་བློ་རྩ་བརྟན་པོའི་སྒོ་ནས་འགན་འཁྲི་ཡག་པོ་འཁུར་བ་དང་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།