འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འགྲིམ་འགྲུལ་བདེ་འཇགས་ནི་མི་ཚང་མའི་ཚེ་སྲོག་གི་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད། རྒྱལ་ཡོངས་མི་དམངས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཀྱི་སྲུང་ར་འཛུགས་ཆེད། ལོ་ལྟར་ཟླ་12པའི་ཚེས་2ཉིན་ནི་“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ་”གཏན་འཁེལ་བྱས་ཡོད། ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས་ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་རུ་འབྲིང་གིས་ཚང་མར་རྒྱལ་དར་འོག་《འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང》ཞེས་པ་འཁྲབ་སྟོན་བྱས་པ་རེད། ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་རུ་འབྲིང་གི་སློབ་གྲོགས་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གར་སྟེགས་ཐོག་བསྐྱོད་དེ་གསོན་ཤུགས་ཀྱིས་ཁེངས་པའི་ལག་བརྡའི་ཞབས་བྲོ་འཁྲབ་པ་དང་། གདེང་ཚོད་ཁེངས་པའི་ངང་འགྲིམ་འགྲུལ་སྒྲིག་ལམ་སྲུང་བའི་ལག་ལེན་པ་ཆུང་ཆུང་ཞིག་བྱས་ནས་ཚང་མར་སྙན་འཇེབས་ཀྱི་གླུ་གཞས་གྱེར་འདོན་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་བྱས་ཡོད།
བདེ་འཇགས་ལ་དོན་ཆུང་མེད་པས་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས། ད་ཐེངས་ཀྱི་རྒྱལ་དར་འོག་གི་འགྲེམས་འཁྲབ་བྱས་པ་བརྒྱུད་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་ཡོད། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་འགྲིམ་འགྲུལ་བདེ་འཇགས་བློ་ལ་བརྟན་པོར་ངེས་ཏེ་རང་ཉིད་ནས་འགོ་བཙུགས་པ་དང་ཆུང་དུས་ནས་འགོ་བཙུགས་ཏེ་ཡ་རབས་འགྲིམ་འགྲུལ་དར་སྤེལ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས།