国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

རྒྱལ་ཡོངས་ཀྱི་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱིས“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་”གི་སྔོན་ཐོན་བྱས་རྗེས་དང་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་ཉམས་མྱོང་སྤེལ་རེས་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ཆབ་མདོར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས19ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ཁོངས་གཏོགས་ཀྱིས་“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་བའི”སྔོན་ཐོན་བྱས་རྗེས་དང་“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་ཉམས་མྱོང་སྤེལ་རེས་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་ཆབ་མདོར་འཚོགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྙན་ཞུ་ཚོགས་པའི་ཁོངས་མི7གྱིས་བབ་ཆགས་པའི་སྐད་ཆ་དང་།ལྷད་མེད་ཀྱི་བརྩེ་སེམས། ཟུར་ཚད་མི་འདྲ་བ་བཅས་ཀྱི་ཐོག་ནས་ཚང་མར་“དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་དཔེ་བཟང་བ”ཚོས་སྤྱིར་བཏང་གི་ལས་གནས་ཐོག་བྱས་རྗེས་རླབས་པོ་ཆེ་བཞག་པ་དང་ཉེན་ཁ་འཕྲད་སྐབས་འགན་འཁུར་ཕོད་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་པ་དང་“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་དཔེ་མཚོན་ཅན་གྱི་ཉམས་མྱོང་གླེང་བ་རེད།

ཀྲང་ཝུན་ཧྲེང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་“དུས་རབས་གསར་པའི་སྲིད་ཁྲིམས་དཔེ་བཟང”གི་སྔོན་ཐོན་བྱས་རྗེས་དང་“ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས”ལ་བདམས་པའི་ཚན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤུས་ཚད་མཐོན་པོས་བརྗོདདོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཁོང་ཚོའི་དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱས་ཏེ “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་དམངས་ཆེད་ཁྲིམས་འཛིན་པའི་དཔེ་བཟང་བའི་བླ་ན་མེད་པའི་བརྩེ་སེམས་ལ་སློབ་སྦྱོང་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། གཞུང་དྲང་ཡ་རབས་ངང་ཁྲིམས་སྒྱུར་ཁྲིམས་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཞིག་རྩོམ་དགོས་ཞེས་ནན་བཤད་གནང་ཡོད།