国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月22日

ཆབ་མདོ་གྲོང་ཁྱེར་གྱི་རྨོ་ཞིང་སྲུང་སྐྱོང་ལ་དཔྱད་ཞིབ་དང་ལྟ་བཤེར་བསུ་བའི་ལས་དོན་གྱི་ཚུར་ལན་སྤེལ་རེས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12པའི་ཚེས་19ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ངེད་གྲོང་ཁྱེར་གྱི་རྨོ་ཞིང་སྲུང་སྐྱོང་ལ་དཔྱད་ཞིབ་དང་ལྟ་བཤེར་བསུ་བའི་ལས་དོན་གྱི་གནས་ཚུལ་ལ་ཚུར་ལན་སྤྲད་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཞིབ་བཤེར་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་པ་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ལ་འབྲེལ་བ་ཡོད་པ་མ་ཟད་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་རྨོ་ཞིང་ནི་ཐོན་ཁུངས་ཆེས་རྩ་ཆེན་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྨོ་ཞིང་སྲུང་སྐྱོང་དང་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་ཤུགས་ཆེན་བཏང་ནས། རྨོ་ཞིང་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཡིན་ནའང་རྨོ་ཞིང་སྲུང་སྐྱོང་ཐད་གནད་དོན་སྔར་བཞིན་མི་ཉུང་བ་ཞིག་འཕྲད་པ་དང་ལས་འགན་ཧ་ཅང་ལྕི་པོ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐབས་ཇུས་ཀྱི་མཐོ་ཚད་ཐོག་ནས་རྨོ་ཞིང་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྨོ་ཞིང་སྲུང་སྐྱོང་ཐད་བཏོན་པའི་བླང་བྱ་གསར་པར་སྟངས་འཛིན་བྱས་ནས། ཆབ་མདོ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རྨོ་ཞིང་སྲུང་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་སྟངས་འཛིན་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་རྨོ་ཞིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ་རྨོ་ཞིང་སྲུང་སྐྱོང་གི་དཔྱད་ཞིབ་དང་ལྟ་བཤེར་བསུ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཞེས་གསུངས་ཡོད།

ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་སྔར་རྒྱུན་ལྟར་ཆབ་མདོའི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་རྣམ་གྲངས་བཀོད་སྒྲིག་དང་ལས་སྒོའི་མཛུབ་ཁྲིད། ས་སྤྱོད་དམིགས་ཚད་བཀོད་སྒྲིག་སྤྱོད་པའི་ས་ཆ་ལ་ཞིབ་མཆན་འགོད་པ་སོགས་ཀྱི་ཐད་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་བ་བྱས་ཏེ། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད།

རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་ཏང་ཙུའུ་ཡི་ཁོངས་མི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧ་ཡིས་ཆབ་མདོའི་རྨོ་ཞིང་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཆབ་མདོ་གྲོང་ཁྱེར་གྱིས་དུས་ཚིགས་ཀྱི་འབྲེལ་ཚིགས་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་དེ་དག་ཐེར་དོན་འཁྱོལ་ནན་པོ་བྱས་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་བསྟན་ཡོད།