(ཚགས་པར་གོང་མར་མཐུད) ༨༧.ཀྲུང་གོ་འདི་བཞིན་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་རྒྱལ་ཁབ་ཅིག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ལས་སླ་མོ་ཞིག་གཏན་ནས་མིན། ཀྲུང་གོའི་བཅོས་སྒྱུར་ལ་ལོ་ངོ་སུམ་ཅུ་ལྷག་འགོར་བ་དང་། ད་ལྟ་གཏིང་ཟབ་སར་བསྐྱོད་ཟིན། ཡང་ན་འདི་ལྟར་བཤད་ཆོག་སྟེ། ལས་སླ་མོ་དང་སྤྲོ་བས་ཕྱུག་པའི་བཅོས་སྒྱུར་བྱས་ཚར་བ་དང་། ཁ་ལ་ཞིམ་པའི་ཤ་བཟས་ཚར། ད་ལྟ་ལྷག་ཡོད་པ་ནི་ལྡད་དཀའ་བའི་རུས་པ་སྲ་མོ་དག་ཡིན། དེ་བས་འདིས་ང་ཚོར་སྙིང་སྟོབས་ཆེ་དགོས་པ་དང་གོམ་སྟབས་བརྟན་དགོས་པའི་བླང་བྱ་བཏོན་ཡོད། སྙིང་སྟོབས་ཆེ་དགོས་པ་ནི་བཅོས་སྒྱུར་ལ་དཀའ་ངལ་ཇི་ལྟར་ཆེ་ཡང་མདུན་དུ་སྐྱོད་པ་དང་། འགན་ཁུར་ཕོད་པ། རུས་པ་སྲ་མོ་ལྡད་ཕོད་པ། ཉེན་ཁ་ཆེན་མོ་བརྒྱུད་ཕོད་པ་བཅས་ཡིན། གོམ་སྟབས་བརྟན་དགོས་པ་ནི་ཁ་ཕྱོགས་ངེས་པར་དུ་ཡང་དག་དགོས་པ་དང་། འགྲུལ་སྐྱོད་ངེས་པར་དུ་བརྟན་དགོས་པ། ལྷག་པར་དུ་གོ་ལྡོག་རང་བཞིན་གྱི་ནོར་འཁྲུལ་བཟོ་མི་རུང་བ་དེ་ཡིན།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།
༨༨. ལོ་རྒྱུས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན་ལ། ཤེས་རིག་ཀྱང་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན། ལོ་ངོ་སྟོང་ཕྲག་ལྔ་ལྷག་བརྒྱུད་པའི་ཀྲུང་ཧྭའི་ཤེས་རིག་ལ་གདོང་གཏོད་དུས། ང་ཚོས་བརྩི་བཀུར་ལྷག་མ་ཞིག་བྱེད་འོས་ལ་བསམ་བློ་ལྷག་མ་ཞིག་ཀྱང་གཏོང་འོས། གནའ་བོའི་ཉམས་མྱོང་ལེགས་པོ་ལ་གདོང་གཏོད་དུས། ལེགས་པ་ལེན་པ་དང་མི་ལེགས་པ་དོར་བའི་ཚན་རིག་གི་རྣམ་འགྱུར་འཛིན་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་ལོ་རྒྱུས་ཀྱི་བསླབ་བྱ། ལོ་རྒྱུས་ཀྱི་ཉེན་བརྡ་བཅས་ཡིད་ལ་དམ་པོར་བཟུང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།
༨༩. སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་ཀྱི་མཚོན་ཆ་ལེགས་པར་སྤྱོད་པ་རྒྱུན་འཁྱོངས་བྱེད་དགོས། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་ནི་ཏང་ནང་ཁུལ་གྱི་འགལ་བ་ཐག་་གཅོད་པའི་སྟོབས་དང་ལྡན་པའི་མཚོན་ཆ་ཞིག་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་ས་རྡུལ་སྣ་ཚོག་དང་ཆབ་སྲིད་ཀྱི་འབུ་ཕྲ་སྣ་ཚོགས་གཙང་སེལ་བྱེད་པའི་སྟོབས་དང་ལྡན་པའི་མཚོན་ཆ་ཞིག་ཀྱང་ཡིན། ང་ཚོའི་ཏང་གིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་སྟེང་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ནི། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་ལ་བརྟེན་པས་ཡིན། བློ་མཐུན་མའོ་ཙེ་ཏུང་གིས། དུས་གཏན་འཁེལ་ལྟར་ཚོགས་འདུ་བསྡུས་ནས། སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱེད་དགོས། འདི་ནི་བློ་མཐུན་བར་དུ་ཕན་ཚུན་ལ་ལྟ་རྟོག་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མྱུར་ཏུ་གོང་འཕེལ་ལ་སྐུལ་བའི་ཐབས་ལམ་ཡག་པོ་ཞིག་ཡིན། ཞེས་གསུངས་མྱོང་།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༩༠.མང་ཚོགས་ལམ་ཐིག་གིས་རྩ་བའི་ཐོག་ནས་མཚོན་པ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་དམངས་མང་ཚོགས་ནི་ལོ་རྒྱུས་ཀྱི་གསར་སྐྲུན་པ་ཡིན་ཞེས་པའི་རྩ་བའི་རིགས་པ་འདི་ཡིན། རྩ་བའི་རིག་པ་འདི་རྒྱུན་འཁྱོངས་བྱས་ན། ད་གཟོད་ང་ཚོས་ལོ་རྒྱུས་མདུན་དུ་སྐྱོད་པའི་གཞི་རྩའི་ཆོད་ཉིད་ཁོང་དུ་ཆུད་ཐུབ། ལོ་རྒྱུས་ཀྱི་ཆོས་ཉིད་དང་བསྟུན་ནས་ལས་དོན་བསྒྲུབས་ན། ད་གཟོད་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད། མི་དམངས་མང་ཚོགས་ནི་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་མདུན་སྐྱོད་ཀྱི་གཙོ་གཞི་སྟོབས་ཤུགས་ཡིན་པ་ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་བདེན་དཔང་བྱས་ཡོད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས། ཀྲུང་གོའི་ལས་དབང་མི་དམངས་རང་ཉིད་ཀྱི་ལག་ཏུ་བཟུང་ཡོད་པས། ཀྲུང་གོ་ནི་ཉི་གཞོན་ཤར་རིའི་རྩེ་ནས་ཡར་འཕགས་པ་དང་འདྲ་བར་རང་ཉིད་ཀྱི་གཟི་དཔལ་རབ་ཏུ་འབར་བའི་འོད་སྣང་ས་གཞི་ཀུན་ལ་ཁྱབ་འགྲོ་ཞེས་གསུངས་པ་ལྟར་རེད།
—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ་ལས།
༩༡. ལས་བྱེད་པ་བཟང་པོས་ནི་སློབ་སྦྱོང་ལ་ཤུགས་སྣོན་དགོས་པར་མ་ཟད། ལག་ལེན་ལའང་ཤུགས་སྣོན་དགོས། རྣ་བས་ཐོས་པ་ལས་མིག་གིས་མཐོང་བ་དགའ་ཞིང་། མིག་གིས་མཐོང་བ་ལས་དངོས་སུ་མྱོང་བ་དགའ། ཤེས་བྱ་དང་ཉམས་མྱོང་ནི་གླག་རྒོད་ཀྱི་གཤོག་ཟུང་དང་འདྲ་ཞིང་། ཆར་རླུང་བརྒྱུད་ཅིང་འཇིག་རྟེན་མཐོང་བ་ན། ད་གཟོད་སྔར་ལས་ནམ་འཕང་བསྟོད་ཐུབ་པ་དང་སྔར་ལས་རྒྱང་རིང་ལ་འཕུར་ཐུབ། ཇི་ལྟར་ཆ་རྐྱེན་ངན་པ་དང་དཀའ་ཁག་ཆེ་བ། འགལ་བ་མང་བའི་གནས་སུ། དེ་ལྟར་མི་ལ་སྦྱོར་བརྡར་ཐོབ་ཐུབ། ལས་བྱེད་པ་གཞི་རིམ་དང་དངོས་ཡོད། མང་ཚོགས་བཅས་ལ་ཟབ་འཇུག་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་འཐབ་ར་གཙོ་བོ་དང་བརྟན་བརླིང་སྲུང་སྐྱོང་གི་ཡུལ་དངོས་དང་པོ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་གྲལ་བཅས་ནས་གཤིས་རྒྱུད་སྦྱོང་བརྡར་དང་མཐོར་འདེགས་གཏོང་དགོས།
—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས།
༩༢. རིག་གནས་ནི་ཆེས་གསར་གཏོད་བྱེད་དགོས་པའི་ཁྱབ་ཁོངས་ཤིག་ཡིན། ཉིན་རེར་འཕེལ་བ་མེད་ན་རྒུད་པའི་རྟགས་ཡིན། མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནད་འགག་གལ་ཆེན་གང་ཞིག་ཡིན་ན་ཡང་། རིག་གནས་ནི་དུས་རབས་འཕོ་འགྱུར་དང་སྤྱི་ཚོགས་གསར་བརྗེ་ཡི་སྔོན་སྐྱོད་པ་ཡིན། རིག་གནས་ཕུགས་འདུན་དང་རིག་གནས་རིན་ཐང་གི་ཚད་མཐོ་བའི་ཡིད་རྟོན་རྒྱུན་སྲུང་བྱེད་པ་དང་། རིག་གནས་ཀྱི་སྐྱེ་སྟོབས་དང་གསར་སྐྲུན་ནུས་པའི་ཚད་མཐོ་བའི་ཡིད་རྟོན་སྲུང་འཛིན་བྱེད་པ། རིག་གནས་ཀྱི་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། བདེན་སྲུང་གསར་གཏོད་རྒྱུན་འཛིན་བྱེད་པ། ལག་ལེན་གསར་གཏོད་ཁྲོད་རིག་གནས་གསར་གཏོད་བྱེད་པ། ལོ་རྒྱུས་མདུན་སྐྱོད་ཁྲོད་རིག་གནས་མདུན་སྐྱོད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དུས་རབས་ཀྱི་སྙིང་སྟོབས་མངོན་པ་དང་དུས་རབས་ཀྱི་རླབས་རྒྱུན་སྣེ་ཁྲིད་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༩༣. ས་གནས་ཁག་གི་སྡེ་ཁག་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བཅོས་སྒྱུར་འཛིན་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ། བཅོས་སྒྱུར་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་པ། བཅོས་སྒྱུར་ལ་སྐུལ་བའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་སྐུལ་འདེད་ཤོག་ཁག་ཅིག་བྱེད་དགོས་ལ། བཅོས་སྒྱུར་དངོས་གཉེར་པ་ཞིག་ཀྱང་བྱེད་དགོས། གཟེར་འདེབས་པའི་སྙིང་སྟོབས་ཀྱིས་བཅོས་སྒྱུར་དངོས་འབེབས་ལེགས་པར་འཛིན་པ་དང་། གནད་འགག་ལ་དམིགས་པ་དང་གནད་འཁེལ་སྒོས་ཤུགས་འདོན་པ། རུས་པ་སྲ་མོ་འཆའ་ཕོད་པ། བལྟས་ནས་འཛིན་པ་དང་ཡང་དང་བསྐྱར་དུ་འཛིན་པ། བཟུང་ནས་ཕན་འབྲས་མཐོང་བར་བྱེད་དགོས།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༩༤. ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་གདམ་གསེས་ཡིན་འོས་པར་འདོད་ཡོད། “ཀྲུང་གོའི་རྣམ་པ”ཞེས་པ་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་འབད་འཐབ་ལག་ལེན་ཁྲོད་གསར་གཏོད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཟེར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ང་ཚོའི་ལམ་ལུགས་སྔར་ལས་ཆ་ཚང་བར་འགྱུར་ངེས་ལ། ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དགེ་མཚན་རང་བཞིན་སྔར་ལས་ལྷག་པར་མངོན་ངེས་ཤིང་། ང་ཚོའི་བགྲོད་ལམ་དུ་ཇི་ལྟར་བསྐྱོད་ན་དེ་ལྟར་ཡངས་ཤིང་རྒྱ་ཆེ་བར་འགྱུར་ངེས་ལ། ང་ཚོའི་འཕེལ་རྒྱས་ཀྱི་བགྲོད་ལམ་གྱིས་འཛམ་གླིང་ལ་ཤུགས་རྐྱེན་སྔར་ལས་ཆེ་བ་འཇོག་ཐུབ་པ་བཅས་ལ་ང་ཚོ་ཡིད་ཆེས་བརྟན་པོ་ཡོད།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་ཆེད་དོན་བཏུས་སྒྲིག》ལས།
༩༥. ཀྲུང་གོ་ལ་ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་སྐྱོང་ཡོད་པ་ནི། ཀྲུང་གོ་དང་ཀྲུང་གོའི་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་མཚོན་ན་དགའ་འོས་པའི་དོན་ཆེན་ཞིག་ཡིན། ང་ཚོས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་དང་ཀྲུང་གོའི་དེང་རབས་ལོ་རྒྱུས། ཀྲུང་གོའི་གསར་བརྗེ་ལོ་རྒྱུས་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ན། ད་གཟོད་ང་ཚོས་གསལ་པོར་རྟོགས་ཐུབ་པ་ནི། གལ་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མེད་ན། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ཀྱིས་དེ་རིང་གི་གྲུབ་འབྲས་འདི་འདྲ་ཞིག་ལེན་མི་ཐུབ་ལ། དེ་རིང་གི་འདི་ལྟ་བའི་རྒྱལ་སྤྱིའི་གོ་གནས་ཤིག་ཀྱང་ཡོད་མི་སྲིད། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་རྩ་དོན་ཆེན་པོའི་གནད་དོན་ཐོག ང་ཚོས་ཀླད་པ་ཤིན་ཏུ་གསལ་པོ་དང་མིག་དབང་ཧ་ཅང་རྣོན་པོ། ལངས་ཕྱོགས་རབ་ཏུ་བརྟན་པོ་བཅས་ཀྱི་སྒོ་ནས། མག་མོག་དང་གཡོ་འགུལ་ཕྲ་མོ་ཙམ་ཡང་གཏན་ནས་ཡོད་མི་རུང་།
—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ལས།
༩༦. ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ཞིང་། ཁྱིམ་མི་ཚང་མས་འཚོ་བ་སྐྱིད་པོ་རོལ་དགོས། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་མེད་ན། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་དང་དེང་རབས་ཅན་ཡང་ཡོད་མི་སྲིད། ང་ཚོས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམ་ཅན་ལ་སྐུལ་འདེད་གཏོང་བ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་སྒྱུར་བའི་ནུས་པ་མཐོར་འདེགས་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་དྲང་བཞག་སྒོས་མི་རིགས་སོ་སོའི་མི་དམངས་ལ་ཕན་པར་བྱས་ཏེ། མི་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་མཐོར་འདེགས་དགོས།
—《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་གཉིས་པ་ལས།
༩༧. “རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི”ནི། ཏང་གིས་ལས་དོན་ཡོད་ཚད་ལ་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་ཀུན་ནས་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་འཁྱོངས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས། སྤྱི་ཁོག་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་མགོ་ཁྲིད་པ་རྒྱུན་འཁྱོངས། "རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་བ་རྒྱུན་འཁྱོངས། མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་བར་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏན་ནན་མོས་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་པ་དེ་ཡིན།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
༩༨. སྐོར་ཞིབ་ལམ་ལུགས་ཕན་ནུས་ལྡན་པ་དང་གོ་ཆོད་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། དེ་ནི་ཏང་ནང་གི་ལྟ་རྟོག་དང་མང་ཚོགས་ཀྱི་ལྟ་རྟོག་ཕན་ཚུན་ཟུང་འབྲེལ་བྱས་པའི་ནུས་ལྡན་གྱི་རྣམ་པ་ཞིག་ཡིན་པ་དང་། ཏང་གཅིག་གིས་ཡུན་རིང་ལ་སྲིད་སྐྱོང་བའི་ཆ་རྐྱེན་འོག་ཏང་ནང་ཁུལ་ལྟ་རྟོག་གི་དཀའ་གནད་ཐག་གཅོད་བྱེད་པ་དང་། ང་ཚོའི་ཏང་ལ་མཐའ་གཅིག་ཏུ་ཆོད་སེམས་དང་ནུས་པ་ཡོད་པའི་སྒོ་ནས་རང་ངོས་སུ་གནས་པའི་གནད་དོན་ཐག་གཅོད་ཐུབ་པར་སྟོབས་དང་ལྡན་པས་བདེན་དཔང་བྱས་ཏེ། རང་ངོས་གཙང་སྒྱུར་དང་རང་ངོས་ཆ་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་མངོན་འགྱུར་བྱེད་པ་དེ་ཡིན།
—《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
༩༩. གསར་འགྱུར་དྲིལ་སྒྲོག་ལེགས་པོ་ནི་སྤྱོད་ཚུལ་དང་སྨྱུག་རྩལ་ལེགས་པོ་ལ་བརྟེན་ནས་འགྲུབ་དགོས་ལ། རྐང་པའི་སྟོབས་དང་མིག་གི་སྟོབས། ཀླད་པའི་སྟོབས། སྨྱུག་གུའི་སྟོབས་བཅས་ལེགས་པོ་ལ་བརྟེན་ནས་བྱུང་བ་ཡང་ཡིན། དེ་ནི། ཡིག་ཆ་ལས་བྱུང་རྟོགས་པ་རགས་རམ་ཙམ། །ལག་ལེན་ལས་བྱུང་ཤེས་པ་ཟབ་མོ་ཡིན། ། ཞེས་གསུངས་པ་བཞིན་ཡིན། ལམ་དུ་ཞུགས་ཚེ་ད་གཟོད་སེམས་ལ་དུས་རབས་ཡོད་པ་དང་། གཞི་རིམ་དུ་བསྐྱོད་ན་ད་དཟོད་ཡིད་ངོར་མང་ཚོགས་ཡོད། ཡུལ་དངོས་ནས་ད་གཟོད་སེམས་འགུལ་ཐེབས་ཐུབ། ཆ་འཕྲིན་ཇི་ལྟར་དར་རྒྱུས་བྱུང་བ་དང་རྙོག་འཛིང་ཆེ་ན། ལག་ལེན་དང་གཞི་རིམ་ནི་དེ་ལྟར་ཆེས་ལེགས་པའི་སློབ་ཐུན་དུ་འཛིན་པ་དང་། མང་ཚོགས་ནི་ཆེས་ལེགས་པའི་དགེ་རྒན་དུ་འཛིན་པ། ལུས་པོ་སྒུར་བ་དང་སེམས་པ་རྣལ་ལ་ཕབ་པ། དོན་དངོས་ལ་བརྟག་པ་དང་སྐད་ཆ་ངོ་མ་བརྗོད་པ། བརྩེ་བ་དངོས་མ་བཅངས་པ། བར་སྣང་དུ་མི་གཡེང་བ་དང་ཕྱི་ངོས་ཙམ་ལ་མི་འཁོར་བ། བྱ་ཕོའི་རིན་གོང་མཐོ་བའི་གཏམ་ཐོས་འཕྲལ། བྱ་གག་མཆུ་ཏོ་བརྡར་བའི་ལས་ལ་བརྩོན་པའི་དཔེ་མི་རུང་། མང་ཚོགས་ཀྱི་སྒོ་ཁར་སྐྱོད་པ་སླ་ཡང་། མང་ཚོགས་ཀྱི་སེམས་ཁོང་དུ་བསྐྱོད་པ་དཀའ། དེང་སྐབས། འགྲིམ་འགྲུལ་ཡོ་བྱད་སྔར་ལས་དར་རྒྱས་གོང་འཕེལ་བྱུང་ཡོད་པས། ལེ་བར་སྟོང་གི་མཐའ་མཚམས་སུ་བསྐྱོད་ཀྱང་ཉིན་གཅིག་ལ་ཕྱིར་བསླེབ་ཆོག་པ་དང་ཉིན་གཅིག་ལ་བཀྲ་ཤིས་ཁྲི་སྒོའི་མེ་ཏོག་ལ་བལྟས་ཆོག ཡིན་ན་ཡང་། ཆིབས་སྐྱོད་ལྟ་སྐོར་དང་འཕྱོ་འོད་ཆུ་རིས་ལྟར་བྱེད་མི་རུང་།
—《ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་བཏུས་སྒྲིག》ལས།
༡༠༠. མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་ཞེས་པ་ནི་མིང་ལ་བརྟེན་ནས་དོན་བསམ་དགོས་པ་ཡིན་ཏེ། དེ་ནི་མི་རིགས་ཚང་མ་དང་རྒྱལ་ཁབ་ཚང་མའི་མདུན་ལམ་ལས་དབང་ཕན་ཚུལ་ལ་དམ་པོར་འབྲེལ་ཡོད་པས། སྐྱིད་སྡུག་མཉམ་མྱོང་དང་ཁེ་གྲགས་མཉམ་ཁུར་ཡིན་འོས་ལ། ང་ཚོ་སྐྱེ་ས་དང་རྒས་སར་གྱུར་པའི་གོ་ལ་འདི་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་མོ་ཞིག་ཏུ་བསྐྲུན་པར་འབད་པ་བྱས་ནས། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་སྨོན་དངོས་ཡོད་དུ་བསྒྱུར་དགོས་པ་དེ་ཡིན།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་བཏུས་སྒྲིག》ལས།
༡༠༡. བཅོས་སྒྱུར་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར། རྩ་བའི་སྒུལ་ཤུགས་ནི་སྔར་བཞིན་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཡིན། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་སྐྱེད་པ། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་སྔར་ལས་ལྷག་པར་སྤྱི་ཚོགས་ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྔར་ལས་ལྷག་པར་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་འཕེལ་བར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཅེས་པའི་གནད་འགག་གི་ཐབས་མཆོག་འདི་མུ་མཐུད་དུ་བེད་སྤྱོད་ཕུན་སུམ་ཚོགས་པར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་མཐའ་ཆོད་པར་བྱེད་དགོས།
—《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
(མུ་འགོད)

