འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཁ་རུབ་ཆུས་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཡོད།
ཁ་རུབ་ཆུས་ཚོགས་ཆུང་ཐོག་ཏེང་ཝུན་ཁྲང་དང་། ཡེ་གོ་རུང་ ཝང་ཅོན་ཧུའུ། བྱམས་ལྷ། ལིས་ཧུའེ་སོགས་ཀྱིས་ལས་ཀའི་དོན་དངོས་དང་འབྲེལ་ནས་གཏམ་བཤད་སྤེལ་བ་དང་། ཚང་མས་བློ་མཐུན་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་སྒྲོན་གྱི་བརྗོད་དོན་ཁ་གསལ་བ་དང་གཙོ་གནད་མངོན་གསལ་དོད་པ། གྲངས་གཞི་ཞིབ་ཅིང་ཕྲ་བ། (པར་ངོས་གསུམ་པར་གཟིགས།)(པར་ངོས་དང་པོར་མཐུད།)ཚན་རིག་དང་མཐུན་པའི་སྒོ་ནས་ལོ་གཅིག་རིང་གྲོང་ཨུད་རྒྱུན་ཨུད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་བཟང་པོ་ཕྱོགས་བསྡོམས་བྱས་པ་དེ་ནི་དངོས་ཐོག་བདེན་འཚོལ་དང་མི་སེམས་ལ་སྐུལ་མ་ཐེབས་པ། ཡིད་ཆེས་འཕེལ་ཞིང་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་རུས་སྐྱེད་པའི་སྙན་སྒྲོན་ཡག་པོ་ཞིག་རེད།《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གྱིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་བསམ་ཕྱོགས་ཁ་གསལ་བཟོས་ཡོད་པས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོས་རྒྱལ་ལམ་གསར་པར་འབད་པས་བསྐྱོད་པར་བཏོན་པའི་དམིགས་ཚད་ལས་འགན་དང་རྦད་དེ་མཐུན་ཡོད་ལ་ང་ཚོ་ཆབ་མདོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་གྱིས་གསན་རྗེས། ཀུང་ཧུའེ་ཚའེ་ཡིས་ཁ་རུབ་ཆུས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཆབ་མདོས་དོན་ཆེན་ཁག་ཅིག་བསྒྲུབས་ཡོད། ཁྲོན་བོད་ལྕགས་ལམ་ལས་འགོ་འཛུགས་པ་དང་ནུས་རྒྱུ་གཙང་མ་གསར་སྤེལ་མགྱོགས་མྱུར་འཕེལ་བ།འབྱུང་འཕྲོད་གཏེར་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཁྱད་ལྡན་རིག་གནས་ཡུལ་སྐོར་བརྟན་ཐོག་ཡར་རྒྱས་གཏོང་བ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། ཆབ་མདོ་ནི་ལོ་རྒྱུས་ཐོག་ལྷོ་ཕྱོགས་དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་ཚོང་ལམ་བཅས་ཀྱི་འབྲེལ་མཚམས་གལ་ཆེན་ཞིག་ཡིན་པ་དང་། མཐའ་འཁོར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་འབྲེལ་མཚམས་ལྟེ་གནས་སུ་གནས་ཡོད་པས། རྒྱལ་ཁབ་ཀྱིས་ཆབ་མདོ་ནི་བོད་ཤར་རྒྱུད་ཀྱི་ནུས་རྒྱུའི་རྟེན་གཞི་ཞིག་ཡིན་པའི་འཏན་འཁེལ་གནང་ཡོད། ནུས་རྒྱུ་གཙང་མ་ཧ་ཅང་ཕུན་སུམ་ཚོགས་ལ་གཏེར་ཁའི་ཐོན་ཁུངས་ཀྱི་སྣ་ཁ་མང་ལ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་འབེལ་བ། འཐབ་ཇུས་གནས་བབ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པ། ས་བབ་ཆ་རྐྱེན་དང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པ་བཅས་ཁ་གསལ་བཏོན་ཡོད། ང་ཚོས་ངེས་ཤུགས་རྒྱུན་འཁྱོངས་དང་གདེང་ཚོད་བརྟན་གཏོང་། ལེགས་ཆ་དར་སྤེལ། ཞན་ཆ་སེལ་བ། རྨང་གཞི་བརྟན་གཏོང་བཅས་བྱས་ཚེ་ལྟེ་བའི་གྲོང་ཁྱེར་གྱི“ངེས་གནས”དེ“གོ་གནས”ཤིག་ཏུ་འགྱུར་ཐུབ་ངེས་རེད་ཅེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་ཁ་རུབ་ནི་ཆབ་མདོ་གྲོང་ཁྱེར་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་དང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན་པའི་ངོས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ཁྲོད་གནས་བབ་གལ་ཆེན་དང་ནུས་པ་གལ་ཆེན་ལྡན་ཡོད་པས། གཅིག་ནས་གྲོང་ཁྱེར་འཛུགས་སྐྲུན་ཐད་མིག་དཔེ་ཡག་པོ་སྟོན་དགོས། ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་མིག་དཔེ་ཡག་པོ་སྟོན་དགོས། གཞི་རིམ་བཅོས་སྐྱོང་ཐད་མིག་དཔེ་ཡག་པོ་སྟོན་དགོས།དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་ཐད་མིག་དཔེ་ཡག་པོ་སྟོན་དགོས་ཞེས་ནན་བཤད་གནང་ཡོད།

