“བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་གསར་པར་འབད་འབུངས་ཡར་བརྩོན་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་། རིག་གནས་ཀྱི་བློ་རྒྱ་ཡངས་པོ། རིག་གནས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་བཏོན་གནང་ཡོད། དེ་ནི་དུས་བབ་ཕྱག་གཟིགས་ཀྱི་དམིགས་ཚད་རེད་ལ་ཞིབ་ཅིང་ཕྲ་བའི་ལས་འགན་ཡང་རེད། ‘ཤུགས་རྒྱག་དགོས་པ་བདུན’ནི་ལས་འགན་འདི་མངོན་འགྱུར་ཡོང་བའི་ཐབས་ལམ་དང་བྱ་ཐབས་ཞིབ་ཕྲ་ཞིག་རེད” ཉེ་དུས་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལིའུ་ཕོའོ་ཡིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་འབྲེལ“ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་གལ་ཆེན་བཏོན་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བཤད།
ལིའུ་ཕོའོ་ཡིས་བརྗོད་དོན། “ཤུགས་རྒྱག་དགོས་པ་བདུན”ནི་ཤེས་རྟོགས་ཀྱི་རྣམ་བཤད་ཡིན་ལ་བརྟག་ཐབས་སྨྲ་བའང་ཡིན་པ་དང་། གཞི་ཆེའི་རིམ་ངོས་ཀྱི་སྤྱི་ཡོངས་ཀྱི་མཛུབ་ཁྲིད་ཡོད་ལ་ཞིབ་ཕྲའི་རིམ་ངོས་ཀྱི་ལག་ལེན་གྱི་ཐབས་ལམ་ཡང་ཡོད་ཅིང་།དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་རེད། “ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ན། དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་བྱ་གཞག་གི་ལེའུ་གསར་པ་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ལིའུ་ཕོའོ་ཡིས་བརྗོད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པས་ངེས་པར་དུ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་ཞེས་ཟབ་མོར་བསྟན་གནང་ཡོད། “ཤུགས་རྒྱག་དགོས་པ་བདུན”ནི“རྣམ་པ་གསར་པ་དང་བྱས་རྗེས་གསར་པའི”འགག་གནད་ཅིག་རེད། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕེལ་འགྱུར་མྱུར་པོ་འགྲོ་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་སླེབས་ནས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཡོད། འགག་རྩའི་དུས་སྐབས་སུ་ཇི་ཙམ་སླེབས་ཚེ་དེ་ཙམ་གྱིས་བསམ་བློའི་ཁྲིད་སྟོན་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་ཇི་ཙམ་བྱེད་དགོས་ཚེ་དེ་ཙམ་གྱིས་ཤེས་དཔལ་གྱི་འདེགས་སྐྱོར་དང་སྙིང་སྟོབས་ཀྱི་ལྕག་སྐུལ་ལ་བརྟེན་དགོས། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་མིག་སྔའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “ཤུགས་རྒྱག་དགོས་པ་བདུན”ནི་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་ལ་དམིགས་པ་དང་། རྩ་བའི་དམིགས་ཡུལ་ནི་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་བཟོའི་གསོན་ཤུགས་འཕེལ་གང་ཐུབ་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་ཡག་པོ་བཅས་མཁོ་འདོན་བྱེད་ཆེད་ཡིན་པར་ངོས་འཛིན་ཟབ་མོ་ཐུབ་པར་བྱེད་དགོས།
ལིའུ་ཕོའོ་ཡིས་བརྗོད་དོན། “ཤུགས་རྒྱག་དགོས་པ་བདུན”ནས“ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་རྒྱག་པ”ནི་ཨང་དང་པོ་ཡིན་ཞིང་། སྤྱི་ཡོངས་ལ་དོ་དམ་དང་ཁྱོན་ཡོངས་ལ་དོ་དམ་བྱེད་པའི་གནས་བབ་བཟུང་ཡོད། “གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏོད་པར་ཤུགས་རྒྱག་པ”ཡིས་རྒྱལ་ནང་གི་རིག་གནས་ལས་དོན་གྱི་ལས་འགན་དང་བླང་བྱར་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། “རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་འཛུགས་སྐྱོང་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ”ནི་རིག་གནས་ཁྱབ་སྤེལ་བྱེད་ཤུགས་དང་ཤེས་དཔལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ལ་བརྗོད་པ་ཞིག་ཡིན་པ་དེ་ཐོག་ནས་གནམ་འོག་ཁོང་འཆང་གི་རིན་ཐང་དོན་གཉེར་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པའི་བརྗིད་ཆེའི་འདུན་པ་མཚོན་གྱི་ཡོད། ང་ཚོས“ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་རྒྱག་པ”ཨང་དང་པོར་འཇོག་པའི་སྙིང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་འགོ་ཁྲིད་ནི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་བླ་སྲོག་ཡིན་པ་དང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན་པར་ངོས་འཛིན་ཟབ་མོ་ཐུབ་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཨང་དང་པོར་བཞག་སྟེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་འཐབ་ཕྱོགས་སུ་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས།
“མདུན་སྐྱོད་ཀྱི་ལམ་བུར། ང་ཚོས་ཕྱོགས་བདུན་གྱི་བླང་བྱ་གལ་ཆེན་དེ་དག་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་ཀའི་བསམ་ཕྱོགས་དང་། ཞིབ་ཕྲའི་རྣམ་གྲངས། བྱ་སྤྱོད་ཀྱི་ཇུས་གཞི་བཅས་སུ་བསྒྱུར་བ་དང་། དོན་འཁྱོལ་ལ་དམ་འཛིན་དང་འགག་སྒྲོལ་དཀའ་སེལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་ཏན་ཏིག་སྐྱོད་པ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་གྱི་འོད་སྟོང་གསར་པ་ཟམ་མི་ཆད་པར་གཏོད་དགོས”ཞེས་ལིའུ་ཕོའོ་ཡིས་བརྗོད་པ་རེད།

