གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ལོ་ལྔ་ཚན་བཅུ་བཞི་པའི ”འཆར་འགོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱེད་པའི་འགག་རྩའི་དུས་སྐབས་སུ་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ་དེས་ང་ཚོས་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཆབ་མདོའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་འོག གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི“རྒྱུན་འཁྱོངས་ལྷོད་མེད་ལྔ”“བློ་བརྟན་འགྱུར་མེད་ལྔ”“འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་པོར་དམིགས་པ། “22445”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ། འཕེལ་རྒྱས་ཀྱི་བྱ་ཐབས་དོན་གཉེར་དང་འགག་རྩའི་དོན་ཆེན་དམ་འཛིན་ཞིབ་ཚགས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ཏེ་སེམས་ཤུགས་ཆེར་བསྐྱེད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་ཐོག་ལེགས་འཕེལ་དང་། བརྟན་ཐོག་ཡར་འཕེལ། བརྟན་ཐོག་མྱུར་འཕེལ། བརྟན་ཐོག་གསོག་འཇོག་བཅས་ལ་སྐུལ་འདེད་བཏང་བས་སང་ལོ་ལས་དོན་ཡག་པོ་བསྒྲུབ་པ་དང་འགོ་ཡག་པོ་ཞིག་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ནངའཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྤྱིའི་བླང་བྱ་དང་སྤྱིའི་ངེས་གནས་ལ་དམ་པོར་དམིགས་ནས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ལོ་བདུན་དམིགས་པ་དང་། ལོ་གསུམ་དམ་འཛིན། ལོ་གཅིག་ཡག་པོ་གཉེར་བ་བཅས་ཀྱི་བསམ་ཕྱོགས་ཁ་གསལ་བཏོན་ནས་ས་བབ་མཐོ་བ་དང་། ངེས་གནས་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད།《ལག་བསྟར་བསམ་འཆར》དེ་ང་ཚོས་ཆབ་མདོའི་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ།ས་ཁོངས་ཀྱི་འགྱེད་འཕྲོའི་ནུས་པ། རིག་གནས་ཀྱི་ཤུགས་རྐྱེན། ཁོར་ཡུག་གི་ཡིད་དབང་འཕྲོག་ཤུགས་བཅས་མུ་མཐུད་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐབས་ལམ་གསར་པ་གཏོད་པ་དང་། གྲོང་ཁྱེར་གྱི་རྣམ་པའི་ཐོག་ནས་བཀྲག་མདངས་འཚེར་བ།ཕྱོགས་བསྡུས་སྟོབས་ཤུགས་ཐོག་ནས་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ཆབ་མདོའི་འཕེལ་རྒྱས་ཀྱི་ལེའུ་གསར་པའི་བྱ་སྤྱོད་ཀྱི་རྩ་འཛིན་ནུས་ཤུགས་ཡོད་རྒུས་རྩོམ་ངེས་རེད།

