国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月19日

ལའོ་ཆིན་འུའུ་གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་གོ་འཇོ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས།

དགོངས་དོན་གྱི་ནང་དོན་ཁོང་དུ་ཆུད་པ་དང་། དགོངས་དོན་གྱི་ངོ་བོ་གོ་བ་ལེན་པ། ལག་ལེན་གྱི་བླང་བྱ་སྟངས་འཛིན་བཅས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དམ་འཛིན་ལ་བརྟེན་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12ཚེས15ཉིན། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་གོ་འཇོ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ་རེད།

གོ་འཇོ་ཚོགས་ཆུང་གི་གྲོས་བསྡུར་བྱ་ཡུལ་དུ་ཚང་མས་སོ་སོའི་ལས་ཀའི་དོན་དངོས་དང་འབྲེལ་ཏེ་གང་བསམ་ལྷུག་བརྗོད་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཚང་མས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང《ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གྱི་ལེའུ་ཧྲིལ་པོར་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་ཐམས་ཅད་ཀྱི་དགོངས་དོན་ཁྱབ་ཡོད། འདི་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་གྲུབ་འབྲས་ཕྱོགས་སྡོམ་ཡག་པ། གནད་དོན་དབྱེ་ཞིབ་གནད་ལ་འཁེལ་བ། གཙོ་གནད་དམིགས་ཕྱོགས་གསལ་ཁ་ཆེ་བས། ཆབ་མདོའི་གནས་ཡུལ་དང་སྲིད་ཇུས། ཐོན་ཁུངས་བཅས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གང་ལེགས་བྱས་པས་ཆབ་སྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པའི་དབང་གིས། དེར་རྦད་དེ་མོས་མཐུན་ཡོད་པ་དང་སེམས་གཏིང་ནས་བརྩི་སྲུང་ཞུ་ཞིང་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།

ཚང་མའི་གཏམ་བཤད་ལ་ལེགས་པར་ཉན་རྗེས། ལའོ་ཆིན་འུའུ་ཡིས་གོ་འཇོ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔ་ཚན་བཅུ་བཞི་པ་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡང་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གཞུང་ཁོངས་གཏོགས་ཀྱིས་བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོ་རུ་གཏོང་བ་དང་། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བསམ་སྤྱོད་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཆབ་མདོའི་ལས་དོན་གྱི་རྒྱུན་འཁྱོངས་ལྷོད་མེད་ལྔ་དང་བློ་བརྟན་འགྱུར་མེད་ལྔ། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་ལྔའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དགོངས་དོན་དང་། ཆབ་མདོ་ཇི་ལྟ་བུ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དང་སྣང་བརྙན་ཇི་ལྟ་བུ་ཞིག་དང་གང་འདྲ་ཞིག་ཏུ་གཏོད་རྒྱུ་བཅས་འཕེལ་རྒྱས་ཀྱི་ངེས་གནས་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་བསམ་བློའི་ནང་དོན་ཁོང་དུ་ཆུད་པ་དང་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ། ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ་བཅས་བྱས་ཐོག་བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཡོང་བར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

ལའོ་ཆིན་འུའུ་ཡིས་གཅིག་ནས་འཕེལ་རྒྱས་ཀྱི་གཞི་གྲངས་གསལ་པོ་ཤེས་དགོས། གཉིས་ནས་མཐའ་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས། གསུམ་ནས་སྔ་སྣུར་དུ་ཇུས་འགོད་ཞིབ་ཕྲ་བྱེད་དགོས། བཞི་ནས་དམངས་འཚོའི་འགན་སྲུང་ནན་པོར་བསྲུང་དགོས་ཞེས་བླང་བྱ་བཏོན་ཡོད།