འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས9ཉིན་གྱི་སྔ་དྲོ། ཀྲུང་གུང་ཆབ་མདོ་གྲོང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། བོད་ལྗོངས་གཞོན་ནུ་ལས་གཏོད་ཚད་ཡོད་ཀུང་ཟི་ཡིས་འགན་སྒྲུབ་བྱས་པའི་“སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་ནས་ལས་གཏོད་ལ་རམ་འདེགས་བྱེད་པ་དང་། ལང་ཚོ་ཡིས་དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་བརྗོད་དོན་གཙོ་བོའི་ཆབ་མདོ་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་གསུམ་པ་དང་གཉིས་གཏོད་ཟླ་བའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཆེ་མོ་དེ་ཟླ12པའི་ཚེས10ཉིན་ནས་ཚེས12ཉིན་བར་ཡིན་ཞིང་། གཟའ་འཁོར་བརྒྱད་ནང་སྤེལ་རྒྱུ་ཡིན་པ་རེད།