国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月12日

ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱིས།

གཞི་རིམ་དུ་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱིས་གཙོ་གཉེར་བྱས་པ་དང་།“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བརྗོད་དོན་གཙོ་བོར་བྱས་པའི“ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་མང་པོར་རིག་གནས་ཁྱབ་གདལ་གཏོང”ཞེས་པའི་གཞི་རིམ་གྱི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་བདེ་བླག་ངང་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་10ཉིན་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)ཀྱིས་སྨར་ཁམས་རྫོང་དང་། བྲག་གཡབ་རྫོང་། ཁ་རུབ་ཆུས་བཅས་ཀྱི་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན) སློབ་གྲྭ། དཔུང་སྡེ། ཁེ་ལས། དགོན་པ་སོགས་སུ་ཁྱོན་སྐོར་སྐྱོད་འཁྲབ་སྟོན་ཐེངས་27བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་2.2ལྷག་ཙམ་ཟིན་ཡོད།

ད་ཐེངས་ཀྱི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་ལ་ཞབས་བྲོ་དང་། གླུ་གཞས། མིག་འཕྲུལ་འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་ཚུད་ཡོད་ལ། སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་བསྟོད་པ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ལ་རྒྱ་ཆེའི་མང་ཚོགས་དང་། དཔུང་སྡེའི་དཔོན་དམག ཁེ་ལས་ཀྱི་ལས་བཟོ། སློབ་གྲྭའི་དགེ་སློབ། དགོན་པའི་གྲྭ་བཙུན་བཅས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་སྟངས་འཛིན་ནན་པོ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་སྤེལ་ཏེ་དམིགས་སར་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྔར་བས་སྐུལ་འདེད་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་རིང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།