འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས4ཉིན་ནས་ཚེས7ཉིན་བར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི“གཞི་རིམ་དུ་སྐྱོད་པ་བཞིའི”བླང་བྱ་དང་ཟུང་འབྲེལ་བྱས་ཏེ་སྔ་རྗེས་སུ་དཔའ་ཤོད་རྫོང་གི་སྤྱི་དར་ཤང་དང་། གླིང་ཁ་ཤང་། མཁར་བ་འཕེལ་ཁྱིམ་ཤང་། དཀྱིལ་གྲོང་ཤང་། ཡངས་པ་ཤང་། ལྷོ་རོང་རྫོང་གི་དམར་རི་གྲོང་རྡལ་དང་། ནག་ལྕོག་ཤང་། རྔུལ་ཤོད་ཤང་། ཀྲུང་ཡས་ཤང་བཅས་སུ་ཕེབས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། གྲོང་གསེབ་དར་རྒྱས། མང་ཚོགས་འབབ་འཕར། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་། སློབ་གྲྭའི་བདེ་འཇགས་སོགས་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་མ་ཟད། གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཡོད།
སྤྱི་དར་ཤང་ནོར་མཚོ་ཆུ་མཛོད་ཀྱི་རྣམ་གྲངས་ས་ཚིགས་དང་། མཁར་བ་འཕེལ་ཁྱིམ་ཤང་གི་ཆུ་འཐེན་ནུས་གསོག་གློག་ཁང་དང་དཔའ་ཤོད་རྫོང་གི་ཆན་ཝ་ཁྲི10ཟིན་པའི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་རླུང་གློག་རྣམ་གྲངས་ས་ཚིགས་སུ་ལའོ་ཆིན་འུའུ་ཡིས་རྣམ་གྲངས་ཀྱི་འཕེལ་རིམ་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
དཔའ་ཤོད་རྫོང་རྒྱལ་མོ་རྔུལ་ཆུའི་གསར་གཏོད་པའི་ལྟེ་གནས་སུ་སླེབས་སྐབས་ལའོ་ཆིན་འུའུ་ཡིས་ཀུང་སི་བཙུགས་པ་དང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ཉན་སྐབས་ཀུང་སི་དེས་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ་17བསྡུས་ནས་ལས་ཞུགས་ལས་གཏོད་བྱེད་དུ་བཅུག་པ་དང་ཁོ་ཚོས“གཉིས་གཏོད”དུས་རབས་གསར་པ་འཕེལ་རྒྱས་འགྲོ་རྒྱུར་འཚམ་པའི་སྦྱོང་བརྡར་གྱི་གོ་སྐབས་དང་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་སྟེགས་སུ་བརྩི་གི་ཡོད་པ་ཤེས་སྐབས་ཁོང་སེམས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ལའོ་ཆིན་འུའུ་ཡིས་དཔའ་ཤོད་རྫོང་སློབ་འབྲིང་དང་ལྷོ་རོང་རྫོང་ནག་ལྕོག་ཤང་སློབ་ཆུང་དང་པོར་བསྐྱོད་དེ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་དང་སློབ་གྲྭའི་བདེ་འཇགས་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་ལྷོ་རོང་རྫོང་གི“3.17”
ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ས་ཚིགས་སུ་ཕེབས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་སྡོད་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཡང་འབད་བསྐྱར་འབད་ཀྱིས་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་བདེ་སྡོད་ལས་བརྩོན་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་རུ་ལའོ་ཆིན་འུའུ་ཡིས་རྟེན་གཞི་འཛུགས་སྐྲུན་དང་ཀུང་སིའི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་གསར་གཏོད་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་ཐབས་བྱས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁྲོམ་རའི་ལེགས་ཆ་སྤྱད་དེ་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ལྗོངས་ཕྱིའི་ཁྲོམ་ར་གསར་འབྱེད་བྱས་ནས་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།