འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་བཅས་རྒྱུན་སློབ་རྒྱུན་གསར་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལག་ལེན་གྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཆབ་མདོར་ལག་བསྟར་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིའུ་གོ་ཅན། ཆིས་ཡན་ཧུའེ། རྡོ་རྗེ་དགྲ་འདུལ། ལིས་ཧྲི་ཅང་། ལིས་པིང་། ཝུའུ་དབྱིང་ཧའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཝེ་ཤིན་ཀུའེ། ལིའུ་གོ་ཅན། ལིས་པིང་། ཏེང་ཝུན་ཁྲང་། ཅའེ་ཝུན་ཀོང་། ཝེ་ཝུན་ནན་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་སྦྱོང་ལ་དམིགས་ཏེ་སྤེལ་རེས་གཏམ་བཤད་བྱས་ཡོད།
ཀུང་ཧུའེ་ཚའེ་ཡིས་ཧྲུའུ་ཅི་ཝང་ཅོན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཐུབ་རྒྱུར་བཀོད་སྒྲིག་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་ཡིས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དེས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱ་སྤྱོད་ཀྱི་ཁྲིད་སྟོན་མཁོ་འདོན་གནང་ཡོད། གྲོང་ཨུད་ཀྱིས་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ཆབ་མདོའི་དོན་དངོས་ལ་གཞི་ཚུགས་ཏེ“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་དང་། ནུས་རྒྱུ་གཙང་མའི་གསར་སྤེལ། ཇ་རྟའི་གཞུང་ལམ་འཛུགས་སྐྲུན་སོགས་རབ་དང་རིམ་པའི་འཕེལ་རྒྱས་འཆར་འགོད་བཟོས་པའི་ཁར། དོན་ཚན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་ཏེ་འཆར་འགོད་དཔེ་རིས་དེ་དག་ཨར་ལས་དཔེ་རིས་དང་དངོས་ལྗོངས་དཔེ་རིས་སུ་བསྒྱུར་ནས་“འཛུགས་གཏོད་བཞིར”རྒྱལ་ཁ་ལེན་པར་འགན་ལེན་བྱས་ཡོད། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། གཉིས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་བོད་ཤར་གྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། རང་འགུལ་ངང་མཐའ་སྟོབས་མཐའ་དར་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)