国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月12日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་གནང་བའི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ། ད་ལོའི་ཡིག་སྐུར་ངོ་བཅར་དང་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ11པའི་ཚེས27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་། ཧྲང་ཧའེ་དང་ཅང་སུའུ་ཡན་ཁྲེང་དུ་རྟོག་ཞིབ། དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅོན་ཀྲེང་གི་ཉེ་དུས་གནང་བའི་གསུང་བཤད་དང་མཛུབ་སྟོན་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང་དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ》དང《བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུའི་བྱ་ཐབས》དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

ཚོགས་འདུའི་ཐོག་2023ལོའི་གྲོང་ཁྱེར་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་སྤེལ་ཚུལ་སྙན་སེང་ལ་གསན་ཡོད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་གསན་ཡོད།

ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)