国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月08日

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་དང་སློབ་འབྲིང་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས5ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་དང་སློབ་འབྲིང་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་གནང་ཞིང་། ཁོང་གིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱོད་བཟང་དང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ། མི་ཅི་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་དོན་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་གྱི་མཐའ་འཁོར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་རྩ་གནད་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གཞོན་ནུ་ལོ་ཆུང་གི་སྣེ་ཁྲིད་དེ་རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་འཕེལ་བ། ལག་ལེན་བསྟར་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲང་ཅན་ཧྭ་དང་། ལིས་པིང་། ཏིན་ཝུན་ཁྲང་སོགས་གྲོང་ཁྱེར་འགོ་ཁྲིད་སློབ་ཁྲིད་ལ་ཞུགས་ཡོད།

ཀུང་ཧུའེ་ཚའེ་ཡིས་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས། མི་སེར་རྒྱལ་ཁབ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་བཅས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསུམ་གྱི་ཐོག་ནས་བོད་སྐྱོང་མཛད་ཇུས་ཀྱི་ལོ་རྒྱུས་འཕེལ་རིམ་དང་།འཚོལ་ཞིབ་གཏོད་འཛུགས། ཉིན་བཞིན་འཐུས་ཚང་དུ་འགྲོ་བ་བཅས་གླེང་བ་རེད། ཁོང་གིས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བོད་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཆ་ཤས་ཤིག་ཡིན། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དང་ཆབ་མདོ་གསར་པ་ཡོད་མི་སྲིད་པ་དང་དེ་རིང་གི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་དེ་བས་ཡོད་མི་སྲིད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚང་མས་ལོ་རྒྱུས་ཤེས་རྟོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་དང་ལོ་རྒྱུས་ཤེས་རྟོགས་ཀྱིས་ཏང་ལ་དགའ་ཞེན་བཅས་བྱས་ཏེ་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ།འཚོ་བ་གསར་པ་བཅས་ཀྱི་ཁྲོད་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལང་ཚོའི་ཕུགས་བསམ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་ཁྲོད་བཅུག་ནས་རང་ཉིད་ཀྱི་ཕུགས་བསམ་རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་ཁྲོད་བཅུག་སྟེ་ཀྲུང་གོ་བའི་བློ་སྟོབས་དང་། སྙིང་རུས། གདིང་ཤུགས་བཅས་ཆེ་རུ་བཏང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཁྲོད་ཞིབ་བཤེར་ཐུབ་པ་དང་འབྲེལ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་ཡིན་ལ་སློབ་གྲོགས་དང་དགེ་རྒན་ཚོས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པའི་ཁྲོད་ནས་རྒྱུན་ཆད་མེད་པར་ཚོར་ཤེས་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་ལ། གཞོན་ནུ་ལོ་ཆུང་ཚོའི་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་ལ་སྦྱོང་བརྡར་ཐེབས་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན།ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དེ་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་དང་འགྲོ་ལམ་དང་འབྲེལ་བ་ཡོད་པའི་རྩ་བ་གནས་ས་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པས་ངེས་པར་དུ་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དཀའ་སྤྱད་འབད་བརྩོན་ངང་སློབ་སྦྱོང་བྱ་རྒྱུའི་ཆོད་སེམས་ཡོད་དགོས། ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཞིག་ཏུ་བརྩི་རྒྱུ་དེ་ནི་ད་ལྟའི་དུས་མཚམས་ཀྱི་བོད་ཀྱི་ལས་དོན་གྱི་ལས་འགན་ཨང་དང་པོ་དང་བོད་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་པའི་གཞི་རྩའི་སྔོན་འགྲོ་ཞིག་ཡིན་པས་སློབ་སྦྱོང་དང་འཚོ་བ་སོགས་ཞིབ་ཕྲའི་བྱ་སྤྱོད་ནང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། ངེས་པར་དུ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ནི་བོད་དུ་ཡུན་རིང་བདེ་འཁོད་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས་“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས།ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཐབས་ལམ་དང་འབད་བརྩོན་བྱེད་ཕྱོགས་ཤིག་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་ཁྱབ་ཁོངས་ཤིག་ཡིན་པས་ཚན་རིག་གི་སྙིང་སྟོབས་དང་དེང་རབས་ཀྱི་ཤེས་དཔལ་ལ་བརྟེན་ནས་ཆོས་ལུགས་ཀྱི་ངོ་མཚར་མེད་པ་བཟོས་ཏེ“རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་གྲོགས”བཅས་བྱ་རྒྱུ་དེ་རང་ཉིད་ཀྱི་བསམ་བློའི་དད་སེམས་སུ་བརྩིས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།