国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月08日

དཀྱིལ་ཐང་སྡེ་ཁུལ་གྱིས་གངས་འཁྱགས་ལམ་དུ་ལུས་པའི་མི་སྣར་དྲོ་སྐྱིད་སྦྱིན་པ།

ལས་དོན་མི་སྣས་ཁ་ལོ་བ་དང་འགྲུལ་པར་འཕྲལ་མཁོའི་དངོས་རྫས་སྤྲད་པ།

ལས་དོན་མི་སྣས་ཁ་ལོ་བ་དང་འགྲུལ་པར་འཕྲལ་མཁོའི་དངོས་རྫས་སྤྲད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲང་ངར་ཆེ་བ་དང་གངས་འཁྱགས་རྣམ་གཤིས་ཀྱི་རྐྱེན་པས་རྒྱལ་ལམ་214སྐྱིད་རི་རང་བྱུང་གྲོང་ཚོའི་ལམ་དུམ་དུ་འགྲོ་འོང་བྱེད་མཁན་ཁ་ལོ་བ་མང་པོ་དེ་གར་ལུས་ཡོད་པ་རེད། བྲག་གཡབ་རྫོངདཀྱིལ་ཐང་སྡེ་ཁུལ་གྱིས“དུས་བདེ་སྲུང་བ་དང་། དགུན་དུས་སྐོར་གཡེང་སྲུང་སྐྱོབ”ལས་དོན་དང་དེ་བཞིན་བརྗོད་དོན་གཙོ་བོའི་སློབ་གསོའི་ཞབས་ཞུའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། དེ་གར་ལུས་པའི་ཁ་ལོ་བ་དང་འགྲུལ་པར་གངས་འཁྱགས་གནམ་གཤིས་ལ་ཁ་གཏད་གཅོག་པའི་སེམས་ཤུགས་དེ་བས་ཆེ་བར་འགན་ལེན་བྱས་པ་དང་། སྐྱིད་ཐང་སྡེ་ཁུལ་གྱི་ལས་དོན་མི་སྣས་སྟབས་བདེའི་ཐུག་པ་དང་། གཏེར་ཆུ། གསོ་རླུང་སོགས་འཕྲལ་སྡོམ་དངོས་ཟོག་ཁ་ལོ་བ་དང་མི་སྣ་ཚོར་རིན་མེད་ངང་བསྐྱལ་བ་དང་སྟབས་བདེའི་ཐུག་པ་སྒམ་10དང་གཏེར་ཆུ་སྒམ་5སྤྲད་པར་རྒྱ་ཆེའི་གནས་དེ་ལུས་པའི་མི་རྣམས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད། དེ་དང་ཆབས་ཅིག་སྐྱོན་ཤོར་བའི་མོ་ཊ་ལ་ཉམས་གསོ་བཟོ་གྲྭ་འབྲེལ་གཏུག་བྱས་རོགས་བྱས་ཏེ་“སྐྱིད་ཐང་གི་དྲོད་ཚད”མྱོང་ཚོར་ཟབ་མོ་ཐུབ་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་སྐྱིད་ཐང་སྡེ་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་དམངས་ཆེད་དང་དམངས་ལ་བཅངས་བའི་བརྩེ་་སེམས་ཟབ་མོ་མངོན་ཡོད། གོམ་སྟབས་རྗེས་མར་སྐྱིད་ཐང་སྡེ་ཁུལ་གྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་མུ་མཐུད་སྤེལ་ནས་མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཁོ་ཚོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་ཧུར་ཐག་སེལ་རྒྱུ་རེད།