国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月08日

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས6ཉིན་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བཅས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཆི་དབྱིང་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཁོངས་མི་ཐང་ཝེ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡན་ཆི་ཁྲུའུ་ཚོགས་འདུར་ཞུགས་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་བློ་བཟང་ཡི་ཤེས་དང་། ཡེ་གོ་རུང་། ལི་ཡུས་ལེ་བཅས་ཀྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་བྱ་གཞི་གསུམ་གྱི་གྲུབ་འབྲས་ཐད་སྤེལ་རེས་དང་བགྲོ་གླེང་གཏམ་བཤད་གནང་བ་རེད།