འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས6ཉིན་གྱི་དགོང་མོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བཅས་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་དང་། ཞན་ཆ་འཚོལ་བ། ཐབས་ཇུས་བྱ་ཐབས་ཞིབ་འཇུག་བཅས་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་གྱི“མཇུག་འཕྲོའི་ལས་དོན”གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བརྟག་ཞིབ་ཀྱི་གྲུབ་འབྲས་དེ་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དུ་ཧུར་ཐག་འགྱུར་བ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད། ཝེ་ཤིང་ཀུའེ་དང་། ཀྲང་ཅན་ཧྭ། ལུའི་གོ་ཅན། ཝུའུ་དབྱིང་ཧའེ། ཀའོ་ཞུའེ་ཝུན་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་ཡོད།
ལའོ་ཆིནའུའུ་ཡིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་འབྲས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་སྐྱོད་དགོས་པ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས“དམངས་འཚོའི་ལས་གཞི་ཆེན་པོ་བཅུ་”ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་འཚོའི་དོན་དངོས་21ལེགས་སྒྲུབ་ཏན་ཏིག་བྱེད་དགོས། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དེ་འགག་གནད་སྒྲོལ་སར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནས་ཚུལ་སྔར་ལས་གསལ་རྟོགས་དང་། གནས་བབ་ལ་དབྱེ་ཞིབ། དངོས་གཉེར་གོ་ཆོད་ཀྱི་བྱེད་ཐབས་འདོན་པ། འགལ་བ་གཙོ་བོ་དམ་འཛིན། མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། དགོས་གཏུག་ཆེ་ཤོས་བཅས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བཅས་བྱ་དགོས། རང་ངོས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ཁྲོད་ཀྱི་ངེས་གནས་འཕྱུགས་མེད་ངང་འཚོལ་བ་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད།
ལིའུ་ཝུན་ཏེ་དང་། སྒྲོལ་དཀར། ཕུའུ་ཡུས་ཧུའེ། ཤེ་ཝུན་ཀོང་། ཐོགས་མེད་ཤེས་རབ་བཅས་ཕེབས་ཡོད།

