འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་6ཉིན་གྱི་དགོང་མོ་ཆབ་མདོ་དང་ཏཱ་ཐང་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་མཉམ་ལས་མཉམ་སྐྲུན་དང་ཁེ་ལས་ཐོག་མ་གླིང་དུ་ཞུགས་པའི་གན་རྒྱ་འཇོག་པའི་མཛད་སྒོ་ཆབ་མདོར་འཚོགས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་དང་། ཀྲུང་གོ་ཏ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ལེའང་ཡུང་ཕིང་་དང་། ཀྲུང་གོ་ཀྲུང་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་ལས་འཕེལ་རྒྱས་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཡན་ཀྲུང་བཅས་ཀྱིས་གསུང་བཤད་གནང་ཡོད།
གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་ཆབ་མདོའི་ཁུལ་གསར་གྱིས་ཀྲུང་གོའི་ཏ་ཐང་དབར《ཆབ་མདོ་དང་ཏཱ་ཐང་ནུས་རྒྱུ་གཙང་མའི་རྟེན་གཞི་མཉམ་དུ་སྐྲུན་པའི་ཐོན་ལས་གླིང་གི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། དེ་རྗེས་ཆབ་མདོའི་ཁུལ་གསར་གྱིས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སིས《ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་རྣམ་གྲངས་དེ་ཆབ་མདོ་དང་ཏ་ཐང་གི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ཐོན་ལས་གླིང་དུ་སྤེལ་བའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་ཡོད།

