国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月01日

ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས།

“བོད་ཤར་རྒྱུད་ཀྱི་གནའ་ཉམས་ཉམས་སུ་མྱོང་། གྲངས་འཛིན་རྟེན་མཛོད་ཁང་གཞི་རིམ་དུ་ སྐྱོད”པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྟེན་མཛོད་ཁང་གི་དོ་སྙོམས་ཅན་དང་ཁྱོན་ཡོངས་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་གྲངས་འཛིན་རྟེན་མཛོད་ཁང་གི་དྲིལ་བསྒྲགས་འགྲེམས་སྟོན་ཡན་ལག་རུ་ཆུང་ལྷོ་རོང་རྫོང་དུ“བོད་ཤར་རྒྱུད་ཀྱི་གནའ་ཉམས་ཉམས་སུ་མྱོང་། གྲངས་འཛིན་རྟེན་མཛོད་ཁང་གཞི་རིམ་དུ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་མངགས་པ་རེད།

བྱེད་སྒོ་སྤེལ་སར་འགྲེལ་བཤད་པས་ལོ་ན་མི་འདྲ་བའི་སློབ་མ་དང་ལས་བྱེད་མང་ཚོགས་ལ་དམིགས་ནས་རང་སར་འགྲེམས་སྟོན་དང་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲངས་འཛིན་རྟེན་མཛོད་ཁང་གི་འདྲ་བཟོའི་འགྲེམས་སྟོན་དང་། སྤེལ་རེས་ཉམས་ལེན། སྒྲ་ཕབ་དང་བརྙན་ཐུང་སོགས་རྣམ་པ་མི་འདྲ་བའི་ནང་དོན་འགྲེམས་སྟོན་དང་ཆབ་མདོའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་སྲོལ་རྒྱུན་ངོ་སྤྲོད་བྱས་པས། རྟེན་མཛོད་ཁང་དང་མང་ཚོགས་ཀྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། གྲངས་འཛིན་རྟེན་མཛོད་ཁང་ལ་མང་ཚོགས་ཀྱི་ཤེས་ཚད་དང་ཞུགས་ཚད་སྔར་བས་མཐོ་རུ་ཕྱིན་པ་རེད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་གྲངས་འཛིན་རྟེན་མཛོད་ཁང་གི་འགྲེམས་སྟོན་ནང་དོན་དང་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། འགྲེམས་སྟོན་གྱི་ཕན་འབྲས་ཆེ་རུ་དང་སྤུས་ཚད་མཐོ་རུ་བཏང་སྟེ། རིག་གནས་རྒྱུན་འཛིན་དང་ཉིན་རེའི་འཚོ་བ་ཟུང་འབྲེལ་དམ་ཟབ་ཀྱིས་ཉིན་བཞིན་ཆེ་རུ་འགྲོ་བའི་མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ་རེད།