国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年12月01日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས“ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློའི་གཏིང་ཟབ་ས་ནས“སྲིད་སྐྱོང་བྱས་རྗེས་དེ་སུའི་ཆེད་དུ་འཇོག་དགོས་པ་དང་སྲིད་སྐྱོང་བྱས་རྗེས་ཅི་འདྲ་ཞིག་བསྐྲུན་དགོས་པ། གང་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་བསྐྲུན་དགོས་པ”བཅས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བའི་ཐོག་ནས་དུས་རབས་གསར་པའི་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུར་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་ཡོད།

ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཙུའུ་ཀྲང་ཤུའེ་དབྱིང་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་ཡོད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིའུ་གོ་ཅན། རྡོ་རྗེ་དགྲ་འདུལ། ལིས་པིང་། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་བཞིན《ཏང་དང་མི་དམངས་ལ་ལྷག་བསམ་བློས་འགེལ་དང་། དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས》ཞེས་པའི་རྩོམ་ཡིག་གལ་གལ་ཆེན་དང་།《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཏེང་ཝུན་ཁྲང་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་སྐྱོང་བྱས་རྗེས་དེ་སུའི་ཆེད་དུ་འཇོག་དགོས་པ་དང་སྲིད་སྐྱོང་བྱས་རྗེས་ཅི་འདྲ་ཞིག་བསྐྲུན་དགོས་པ། གང་ལ་བརྟེན་ནས་སྲིད་སྐྱོང་བྱས་རྗེས་བསྐྲུན་དགོས་པ”བཅས་ཀྱི་གནད་དོན་ལ་དམིགས་ཏེ་གསུང་བཤད་གལ་ཆེན་དང་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། ད་ལོའི་ཟླ་དགུ་པའི་ནང་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ཆེད་དོན་གྱིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པར“དོན་དངོས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་མཐའ་འཁྱོངས། ཕུགས་ལ་དམིགས་པ་དང་རྨང་གཞི་བརྟན་པོ་འདིང་རྒྱུ་མཐའ་འཁྱོངས། དངོས་སྒྲུབ་དངོས་གཉེར་དང་ཕན་འབྲས་དོན་གཉེར་མཐའ་འཁྱོངས”བཅས་ཀྱི་མཛུབ་སྟོན་གསར་པ་དང་བླང་བྱ་གསར་པ་བཏོན་གནང་བ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མིའི་དབར་འབྲེལ་བ་བྱེད་སྟངས་དང་ལས་བརྩོན་གསར་གཏོད་བྱེད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་སྟོན་ཕྱོགས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྟོབས་ཤུགས་གཅིག་ཏུ་འགྲིལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་བསྲིང་ལྷོད་མེད་ངང་དོན་འཁྱོལ་དམ་འཛིན་བྱེད་པ། ལས་གནས་དམིགས་ཏེ་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། བྱ་བ་མང་ཙམ་བསྒྲུབས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པར་ཏང་གཤིས་བརྟན་པོ་རྨང་གཞིར་འཛིན་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པར་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་དགོས།

ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པར་དངོས་དོན་སྒྲུབ་པར་འགན་འཁུར་ཕོད་པ་དེ་རང་གི་ཁྱད་ཆོས་སུ་འཛིན་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་ཕྱོགས་མངོན་གསལ་ཅན་ཁྲིད་སྟོན་དུ་འཛིན་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་དང་། ཚན་པ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)