国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

2023ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས13ཉིན་གྱི་ཕྱི་དྲོར། 2023ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་དུག་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དུག་འགོག་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཨུད་འགོ་ཁྲིད་ཀྱི་བླང་བྱ་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གྲོང་ཁྱེར་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཀྲང་ཝུན་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་རིམ་པ་ཁག་དང་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་དུག་འགོག་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོར་བྱས་ནས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་དོན་འཁྱོལ་ཞིབ་ཕྲ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དུག་འགོག་གི་སྤྱི་ཚོགས་ཆེད་ལས་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་དུག་འགོག་གི་འཐབ་རྩོད་ནང་སྤེལ་རྒྱུའི་སྐུལ་སློང་བྱེད་དགོས་ཤིང་། “མིག་མངས་འགྲིག་སྐོར་གཅིག་”གི་བསམ་བློ་བཙུགས་ནས་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཁྱོན་ཡོངས་ཀྱི་དམག་འཐབ་ལ་ཤུགས་སྣོན་བརྒྱབ་ནས་དངོས་ཕན་དོན་གཉེར་བྱེད་པ་དང་སྔོན་འགོག་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།