国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

སྡེ་ཚོགས་ལྗོངས་ཨུད་གཞོན་ནུ་སྒྲོག་འགྲེལ་ཡན་ལག་ཚོགས་ཆུང་གིས་ངེད་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས15ཉིན། སྡེ་ཚོགས་ལྗོངས་ཨུད་གཞོན་ནུ་སྒྲོག་འགྲེལ་ཡན་ལག་ཚོགས་ཆུང་གིས་ངེད་གྲོང་ཁྱེར་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པའི་ཐོན་ཡོན་དང་གཞོན་ནུའི་འཐུས་མི200ལྷག་བྱེད་སྒོ་ནང་ཞུགས་ཡོད།

བྱེད་སྒོའི་ཁྲོད་བོད་ལྗོངས་མཐོ་རིམ་ཉེན་རྟོག་ཆེད་ལས་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱི་ཧྲུའུ་ཅི་དང་། སྡེ་ཚོགས་ཀྲུང་དབྱང་། སྡེ་ཚོགས་ལྗོངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་གཞོན་ནུ་འཆད་ཁྲིད་ཚོགས་པའི་ཁོངས་མི་ཝང་ཧུང་ཆོན་གྱིས《བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་ཏང་གི་གསར་གཏོད་རིག་གཞུང་གིས་གཞོན་ནུའི་བསམ་བློར་དྲག་ཆས་སྤྲས།》ཞེས་པའི་ཆེད་དོན་སྒྲོག་འགྲེལ་བྱས་ཡོད།

བོད་ལྗོངས་ཞིང་འབྲོག་སློབ་གྲྭའི་ཕུལ་བྱུང་སློབ་མའི་ལས་བྱེད་པ་དང་། བོད་རང་སྐྱོང་ལྗོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅའ་སྡོད་ཀྲུའུ་ཞི་ལིས་ཅན་ཀྲིས《རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་རྒྱུགས་ལན》ཞེས་པ་ཆེད་དོན་སྒྲོག་འགྲེལ་སྤེལ་ཡོད།

བྱེད་སྒོ་སྤེལ་རྗེས་སུ་ཁོངས་མི་རྣམས་ཀྱིས་རང་ཉིད་ཀྱི་མྱོང་ཚོར་དངོས་ཀྱི་ཐོག་ནས་རྒྱ་ཆེའི་གཞོན་ནུ་རྣམས་ལ་འགན་འཁྲི་འཁུར་ཕོད་པའི་གལ་ཆེན་རང་བཞིན་བཤད་པར་མ་ཟད། ད་དུང་ཐོན་ཡོན་དང་གཞོན་ནུའི་འཐུས་མི་རྣམས་ལ་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་ཡོད།