国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

གྲོང་ཁྱེར་སྲིད་གཞུང་ལས་ཁུངས་ཀྱི་ཏང་ཙུའི་ཀྲི་པུའུ་དང་པོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས10ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གཞུང་ལས་ཁུངས་ཀྱི་ཏང་ཙུའི་ཀྲི་པུའུ་དང་པོའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་རེད།

ལའོ་ཆིན་འུའུ་ཡིས་“ལོ་བརྒྱའི་དཀའ་ཚེགས་ལོ་རྒྱུས་ཐོག་ནས་ཀྲུང་ཧྭའི་གྲུ་གཟིངས་ཆེན་པོ་སྒྲོལ་འགོ་ཚུགས་པ”བརྗོད་དོན་གཙོ་བོར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱ་རིང་གི་ཐུན་མོང་མ་ཡིན་པའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་། ཅིང་ཀང་ཧྲན་གྱི་སྙིང་སྟོབས། རྒྱང་སྐྱོད་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། མེ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། སྒྱུར་བཅོས་སྒོ་དབྱེའི་སྙིང་སྟོབས། ལམ་གཉིས་ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་ཀྱི་ནང་དོན་གཏིང་ཟབ་དང་། དངོས་ཡོད་ཀྱི་རིན་ཐང་དང་ལག་ལེན་གྱི་དོན་སྙིང་སོགས་གོ་སླ་ལ་ཤེས་བདེ་བའི་སྒོ་ནས་ཁྲིད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་བསྡུ་ལེན། ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཡོད།

ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་སྤྱིའི་རྩ་འཛིན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་ཚོགས་ཞུགས་མི་སྣ་ཁག་གཅིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པར་དམིགས་ནས་སྤེལ་རེས་གནང་ཡོད།