国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ཐོས་བསམ་མྱོང་རྟོགས་ཀྱི་དུས་མཚམས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་14ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་ཐོས་བསམ་མྱོང་རྟོགས་ཀྱི་དུས་མཚམས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་ཚོགས་གཙོ། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ་ཤེ་དབྱིན་ཚོགས་འདུར་ཞུགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་ཚོགས་འདུར་ཕེབས་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག རྫོང(ཆུས)བཅུ་གཅིག་གི་འབྲེལ་ཡོད་འགན་འཁུར་བས་རྫོང(ཆུས)ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་བསམ་བློ་སློབ་སྦྱོང་དང་། ཉམས་ལེན་དུས་མཚམས་ཀྱི་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པ་རེད།