国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

ལའོ་ཆིན་འུའུ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་སྲོལ་རྒྱུན་ཞིང་འབྲོག་ལས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་གཞན་སྒྱུར་རིམ་སྤོར་ཐབས་ལམ་ལས་དོན་ལ་བརྟག་ཞིབ་གནང་བ།

ལའོ་ཆིན་འུའུ་ཡིས་སྦྲུམ་རྟེན་ལྟེ་གནས་སུ་ངག་དབང་ལུག་གི་ཁྱུ་དང་སྦྲུམ་རྟེན་བརྗེ་བའི་ལུ་གུ་གསོ་བའི་འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་མཚམས་སུ། ཟླ་11ཚེས་15ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བྱ་ཐབས་ལག་ལེན་ནན་ཏན་བསྟར་ནས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དང་། སྦྲུམ་རྟེན་ལྟེ་གནས། ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་རྟེན་གཞི། ཁ་རུབ་ཆུས་ཞིང་འབྲོག་ཐོན་རྫས་བརྒྱུད་སྤྲོད་སྤྱི་ཁྱབ་ས་ཚིགས་བཅས་སུ་བསྐྱོད་དེ་ཆབ་མདོ་གྲོང་ཁྱེར་གྱི་སྲོལ་རྒྱུན་ཞིང་འབྲོག་ལས་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་གཞན་སྒྱུར་རིམ་སྤོར་ཐབས་ལམ་ལས་དོན་ལ་བརྟག་ཞིབ་གནང་ཡོད།

གྲོང་ཁྱེར་ཞིང་ལས་ཚན་རྩལ་སུའོ་རུ་ལའོ་ཆིན་འུའུ་ཡིས་ལས་དོན་མི་སྣས་ངོ་སྤྲོད་ལ་ནན་ཏན་ངང་གསན་ནས་ཞོག་ཁོག་ནང་འདྲེན་དཔེ་སྟོན་འདེབས་འཛུགས་དང་། དགུན་ནས་དང་། དགུན་གྲོའི་ཁོངས་ཀྱི་ཚོད་ལྟ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་བྱས་པ་མ་ཟད་རིག་ནུས་དྲོད་ཁང་དུ་བསྐྱོད་དེ་སྔོ་ཚལ་འདེབས་འཛུགས་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཡོད།

ལའོ་ཆིན་འུའུ་ཡིས་སྦྲུམ་རྟེན་སྤོ་འཛུགས་སོགས་ཀྱི་ཚན་ཞིབ་ལག་རྩལ་མུ་མཐུད་མཐོ་རུ་གཏོང་བ་དང་། གཞི་གྲངས་མཛོད་ཉར་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོག་འདོན་བྱེད་པ། ཁྱུ་ཚོགས་སྣ་ཚོགས་མགྱོགས་མྱུར་རྒྱ་ཆེར་གཏོང་བ། རྒྱུད་པ་འགན་ལེན་དང་། གསོ་སྤེལ། ཁྱབ་གདལ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ངག་དབང་ལུག་གི་ཐོན་ལས་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་དང་གྲོང་གསེབ་དར་རྒྱས་གཏོང་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

ལའོ་ཆིན་འུའུ་ཡིས་དངོས་ཟོག་མཛོད་ཉར་དང་ཁག་བགོས་ཐུམ་སྒྲིལ། ཟོག་འགྲེམས་སྡེབ་སྐྱེལ། དོ་དམ་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་པ་རེད། ཁོང་གིས་གྲང་ཕྲེང་ཟོག་འགྲེམས་འཇུག་འཐུས་དང་ཞིབ་དཔྱད་ཐད་ལག་རྩལ་གྱི་འགག་སྒོ་དམ་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། མཁོ་སྤྲོད་མ་ལག་བཙུགས་ནས་གནས་གཏན་འཁེལ་གྱི་སྟེགས་བུ་གཏན་འཁེལ་བྱས་ཏེ། ཁྲོམ་རའི་གཉེར་སྐྱོང་འཕེལ་རྒྱས་བཟང་པོ་ཡོང་བའི་འགན་ལེན་བྱེད་དགོས་པ། ཁ་རུབ་ཁུལ་གྱིས་སྟོན་ཕྱོགས་ཁ་གསལ་དང་། འབྲེལ་གཏུག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ནང་ཞུགས་པར་ས་གནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ནུས་ལྡན་བྱས་ནས་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།