འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་ཀའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་།“གཞི་རིམ་དུ་སྐྱོད་པ་བཞིའི”ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་། གྲོང་ཁྱེར་ཡོངས་ཀྱི་བརྗོད་དོན་གཙོ་བོའི་ལས་དོན་སྤེལ་ཚུལ་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་མཛུབ་ཁྲིད་ནུས་ལྡན་བཅས་ཀྱི་འོག་གྲོང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། བཀོད་སྒྲིག་ཞིབ་ཚགས་དང་། སྒྲིག་འཛུགས་ལག་བསྟར་བཅས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཐུགས་གྲ་འགྲིག་པོའི་ངང་སྤེལ་བ་དང་ཕན་འབྲས་མངོན་གསལ་ཐོབ་ཡོད་ཞེས་བསྟན།
ཀུང་ཧུའེ་ཚའེ་ཡིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཅིག་ནས་རིགས་གཞུང་སློབ་སྦྱོང་ཐད་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། གཉིས་ནས་བརྟག་དཔྱད་ཞིབ་འཇུག་ཐད་མུ་མཐུད་དུ་དངོས་ཡོད་ཐབས་ཇུས་འདོན་དགོས། གསུམ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་དོན་དངོས་སྒྲུབ་དགོས། བཞི་ནས་འཚོལ་བཤེར་དག་ཐེར་བྱེད་པའི་ཐད་མུ་མཐུད་དུ་ཐབས་ཇུས་ངོ་མ་འདོན་དགོས། ལྔ་ནས་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ཐད་མུ་མཐུད་དུ་ཕན་འབྲས་བརྩོན་ལེན་བྱེད་དགོས། དྲུག་ནས་འགན་འཁྲི་འཁུར་ཕོད་པའི་ཐད་མུ་མཐུད་དུ་ནུས་ཤུགས་འདོན་དགོས་པའི་ནན་བཤད་གནང་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར།)