འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས6ཉིན་ནས་ཚེས10ཉིན་བར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་བཅས་ཡིན་པའི་ཐང་མིན་དབྱིན་གྱིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་བྲག་གཡབ་རྫོང་གི་དབྱེན་འདུམ་གྲོང་རྡལ་དང་། བྱམས་མདུན་གྲོང་རྡལ། མཁར་སྒང་ཤང་། དཀྱིལ་ཐང་གྲོང་རྡལ་དང་། ཁ་རུབ་ཆུས་ཀྱི་ཁ་རུབ་གྲོང་རྡལ་དང་། རུ་དུང་ཤང་སོགས་ཤང་གྲོང་དུ་ཕེབས་ཏེ་ཆབ་མདོ་གྲོང་ཁྱེར་ནགས་ལས་ཀུང་ཟི་དང་། ཧྲོན་ཁང་ཀུང་ཟི། རི་དུང་བོད་སྨན་བཟོ་གྲྭ་སོགས་ཁེ་ལས་11དང་། “རྫ་ཆུའི”ཕྱི་རོལ་ངལ་རྩོལ་པའི་ས་ཚིགས་སོགས་གནས་29ལ་ཟབ་ཞུགས་བྱས་ནས་གནས་ཚུལ་ངོ་སྤྲོད་དང་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་མ་ཟད་གཞི་རིམ་བཟོ་ཚོགས་ཀྱི་ལས་དོན་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་དཀའ་ངལ་ཡོད་པའི་ལས་བཟོའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་བྱས་པ་རེད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཚེས་10ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཐང་མིང་དབྱིང་གིས་བཟོ་ཚོགས་ནི“ཅི་ཞིག་ཡིན་པ”དང་།“ཇི་ལྟར་སྒྲུབ་པ།”“ཇི་ལྟར་བྱེད་དགོས་པ”སོགས་གནད་དོན་གལ་ཆེན་ལ་དམིགས་ནས“བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་སྙན་ཞུ་གནང་ཡོད།
ཐང་མིན་དབྱིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་སྡེབ་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ། ལྗོངས་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་གཅིག་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བཟོ་ཚོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་པར་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་བསྟན།
ཐང་མིན་དབྱིན་གྱིས་རིམ་ཁག་བཟོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཁྱབ་ངང་སྒྲོག་འགྲེལ་གསོ་སྦྱོང་བྱེད་པ། གླེང་ཕྱོགས་ཀྱི་རྣམ་པ་གཏོད་པ། ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་འགན་ལེན་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བོད་ཀྱི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཏེང་ཝུན་ཁྲང་དང་ཀྲང་ཧུང་ཅུན་གྱིས་མཉམ་དུ་བརྟག་ཞིབ་གནང་ཡོད། (དཔལ་ཐར་རྒྱལ་གྱིས་བསྒྱུར།)