国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月17日

ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཕེབས་འབྱོར་ཟིན་ནས་ཀྲུང་ཨའི་གཙོ་བདག་ཞལ་འཛོམས་གནང་བ་དང་ཆབས་ཅིག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཕེབས་འབྱོར་ཟིན་ཏེ་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ལྷན་དུ་ཀྲུང་ཨའི་གཙོ་བདག་ཞལ་འཛོམས་གནང་བ་དང་ཆབས་ཅིག་གདན་ཞུས་ལྟར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཅིའུ་ཅིན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་ཉིའུ་སེན་དང་ནོར་སྲིད་པུའུ་ཀྲང་ཡེ་ལུན་སོགས་ཨ་རི་ཕྱོགས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཕེབས་འབྱོར་ཟིན་ཏེ། གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ལྷན་དུ་ཀྲུང་ཨའི་གཙོ་བདག་ཞལ་འཛོམས་གནང་བ་དང་ཆབས་ཅིག གདན་ཞུས་ལྟར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་རེད།

ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཅིའུ་ཅིན་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་བྱུང་སྐབས་ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་ཉིའུ་སེན་དང་ནོར་སྲིད་པུའུ་ཀྲང་ཡེ་ལུན་སོགས་ཨ་རི་ཕྱོགས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཞི་ཅིན་ཕིང་ཞུགས་པའི་རླངས་འཁོར་རུ་ཁག་གནམ་ཐང་ནས་བྲལ་ཏེ་གསོལ་མགྲོན་ཁང་དུ་སྐྱོད་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་མང་པོ་ཞིག་གིས་ལམ་རྒྱུད་ཀྱི་ཁྲོམ་གཞུང་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་ལྷན་དུ་ཕེབས་འབྱོར་ཟིན་པ་རེད།

ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥེང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་བ་རེད།