国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月07日

ཀུང་ཧུའེ་ཚའེ་ཡིས་དཔལ་འབར་རྫོང་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཟླ་10པའི་ཚེས་29ཉིན་ནས་སྤྱི་ཟླ་11པའི་ཚེས་3ཉིན་བར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་“མི་བྱེད་པ་བཞི་དང་ཐད་ཀར་གཉིས་”ཀྱི་བྱ་ཐབས་ཐོག་ནས་འབྲེལ་གཏུག་ས་ཚིགས་དཔལ་འབར་རྫོང་གི་ཤང་དང་(གྲོང་རྡལ)གྲོང་ཚོ(གྲོང་འབངས་)ཁག་ལ་ཕེབས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གྱི་གཙོ་དོན་སློབ་གསོ་སྤེལ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་།གྲོང་གསེབ་དར་རྒྱས་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་གཏོང་གི་“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་འཛིན་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་འཁོར་ཉུང་སྟབས་བདེའི་རླངས་འཁོར་ནང་བཞུགས་ཏེ་ས་སྟེང་ཤང་དང་། སྙེ་མོ་ཤང་། ལྕགས་གོང་ཤང་། མཚོ་ཁ་གྲོང་རྡལ།དཔལ་འབར་གྲོང་རྡལ། རྨའུ་ཤང་བཅས་སུ་ཕེབས་ཏེ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་བྱམས་བརྩེའི་ངང་བཞུགས་མོལ་དང་སྤེལ་རེས་བྱས་པ་དང་། ཤང་དང་གྲོང་རྡལ་གྱི་གཞི་རྩའི་གནས་ཚུལ་འདྲི་རྩད་བྱས་ཤིང་འབྲེལ་ཡོད་ལས་དོན་སྒྲུབ་ཚུལ་དང་དེ་བཞིན་ལས་བྱེད་པ་དང་ལས་བཟོའི་ལྟོ་ཆས་དང་། སྡོད་ཁང་། གཞུང་དོན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ནི་ཏང་གིས་གཞི་རིམ་དུ་འཛིན་པའི་ལམ་ཕྱོགས་དང་།བྱེད་ཕྱོགས། སྲིད་ཇུས་བཅས་ཁག་དྲིལ་བསྒྲགས་བྱེད་མཁན་དང་། ལག་བསྟར་བྱེད་མཁན། གཞི་རིམ་བཅོས་སྐྱོང་ལ“མཐའ་མའི་འགག་གནད”ཀྱི་བཅོས་སྐྱོང་བྱེད་མཁན་ཡང་ཡིན། ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་གཙོ་དོན་སློབ་གསོའི་བླང་བྱ་ཁག་ཚད་གཞི་མཐོན་པོའི་ངང་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་སྲོག་ཤིང་གི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་བཅས་བྱས་ཏེ། གཙོ་དོན་སློབ་གསོ་དེ་གཞི་རིམ་དུ་ཏན་ཏིག་དང་ཕན་འབྲས་ལྡན་པའི་ངང་སྤེལ་བའི་འགན་ལེན་བྱེད་དགོས།“ཡོང་འབབ་འཕར་སྣོན་གྱི་བྱ་ཐབས་ནུས་ལྡན་བཅུ”དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་ནས། སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱེད་ཅིང་།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བསྡོམས་རྩིས་གནད་འཁེལ་བྱེད་ཅིང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལས་འགན་ཁག་ཞིབ་ཚགས་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་རང་གཅུན་ནན་པོ་བྱེད་པ་དང་། རང་འགན་གཙང་སྒྲུབ་བྱེད་པ། དོ་དམ་ནན་པོ་བཅས་བྱེད་དགོས་པ་མ་ཟད། སྒྲིག་སྲོལ་དང་སྒྲིག་ཁྲིམས་ནི་མཐའ་ཚད་དང་། དམར་ཐིག མཐོ་གནོན་གློག་སྐུད་ནང་བཞིན་བརྩི་སྲུང་ནན་པོ་བྱེད་ནས་ཆབ་མདོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་མཁན་དང་སྲུང་སྐྱོང་བྱེད་མཁན་ཡང་དག་ཅིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཀུང་ཧུའེ་ཚའེ་དཔལ་འབར་རྫོང་ས་སྟེང་ཤང་གདོང་སྟེང་གྲོང་ཚོའི་རྒྱལ་ཁབ་ཀྱི་ཁྱིམ་དུད་བརྟག་དཔྱད་དུད་ཚང་སྐལ་བཟང་ཉི་མའི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། ཡོང་འབབ་ཀྱི་ཡོང་ཁུངས། ལས་ཞུགས་ལག་རྩལ་སྦྱོང་བརྡར་སོགས་བཀའ་འདྲི་ཞིབ་ཕྲ་གནང་ནས“ཡོང་འབབ་འཕར་སྣོན་གྱི་བྱེད་ཐབས་བཅུའི”སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་ཐོབ་ཚུལ་ཤེས་རྟོགས་གནང་བ་རེད། སྐལ་བཟང་ཉི་མས་བླུགས་འདེགས་འཕྲུལ་འཁོར་བཏང་ནས་འཚོ་བ་སྐྱེལ་བ་དང་། བུ་བཀྲ་ཤིས་བཟང་པོ་སློབ་ཆེན་ཐོན་རྗེས་རང་བརྟེན་ལས་གཏོད་བྱས་ནས་གྲོང་ཚོར་ཁྲུས་ཁང་བཙུགས་པ་མ་ཟད། དབྱར་དུས་ནགས་ཚལ་ཐོན་ཁུངས་འཚོལ་བསྡུ་དང་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ཡོང་འབབ་ན་ནིང་ལས་ཅུང་མང་དུ་ཕྱིན་པའི་གནས་ཚུལ་ཤེས་སྐབས་ཀུང་ཧུའེ་ཚའེ་ཡི་སེམས་པ་ཧ་ཅང་དགའ་པོ་བྱུང་ནས་ཁོ་ཚོར་ཡིད་ཆེས་བརྟན་པོའི་ངང་ལས་ཀར་བརྩོན་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་བ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་བྱས་པ་རེད། ཀུང་ཧུའེ་ཚའེ་ཡིས་ད་དུང་སྐལ་བཟང་ཉི་མ་ཁྱིམ་ཚང་གི་དངུལ་སྨར་དང་དངོས་པོའི་གཏོང་ཡོང་གི་རྩིས་ཐོ་ཁ་ཕྱེ་ནས་གཟབ་ནན་གྱིས་ལྟ་ཞིབ་བྱས་ཡོད་ལ། རིམ་ཁག་སྡེ་ཚན་ཁག་གིས་ཞིང་འབྲོག་པའི་འབབ་འཕར་བསྡོམས་རྩིས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་སྟེ་གཞི་གྲངས་གསལ་པོ་དང་། གནས་ཚུལ་གསལ་པོ། གྲངས་གཞི་གནད་འཁེལ། གཅིག་གྱུར་ཆ་ཚང་བཅས་ཡོང་བ་བྱེད་ནས་གྲངས་གཞི་དབྱེ་ཞིབ་གནད་འཁེལ་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་ལ་དངོས་ཡོད་ཀྱི་གྲངས་གཞི་ཁུངས་བཙན་ཞིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དཔལ་འབར་རྫོང་སྤྱི་བདེ་ཅུད་སྙེ་མོའི་ཞིབ་བཤེར་ས་ཚུགས་ནི་རྒྱལ་ལམ་558ལམ་ཐིག་ནས་ཆབ་མདོར་འགྲོ་སའི་ས་ཚིགས་དང་པོ་དེ་ཡིན་པ་དང་། ཀུང་ཧུའེ་ཚའེ་ཡིས་འཐབ་ཕྱོགས་དང་པོར་ལས་སྒྲུབ་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་ནས། ཞིབ་བཤེར་ས་ཚུགས་ཀྱི་རྒྱུན་གཏན་འཁོར་སྐྱོད་དང་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད་ལ། ལས་གནས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཞིབ་བཤེར་ས་ཚིགས་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་ནས། མི་དང་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་ཡོད། ཀུང་ཧུའེ་ཚའེ་མཚོ་ཁ་གྲོང་རྡལ་ཟམ་ཁ་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས། ཁོང་གིས་དྲ་མིག་ཅན་གྱི་དོ་དམ་ནུས་པ་འདོན་སྤེལ་ཡག་པོ་བྱེད་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་གྱི་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ཀྱི་ཐེམ་ཐོ་བསྒྱུར་བའི་ལས་དོན་ཡག་པོ་སྒྲུབ་ནས་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་གནང་ཡོད།

དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོར་གྲོང་མི་ཚོས་མདོག་གསུམ་མཚོ་དང་། གོང་དཀར་འཁྱགས་དོང་། སྤྱང་ཀི་ལ་འཁྱགས་རོམ་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མི་སེར་གྱི་སྡོད་ཁང་དང་བཟའ་བཏུང་སོགས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གང་ལེགས་བཏང་སྟེ་རང་ཁྱིམ་གྱི་སྒོ་འགྲམ་དུ“ཡུལ་སྐོར་གྱི་ཡོང་འབབ”རག་ཡོད་པ་རེད། ཀུང་ཧུའེ་ཚའེ་ཡིས་ཕུ་ཡུལ་གྲོང་ཚོ་དང་པོའི“སྐྱེ་ཁམས་ཡག་པོ”དང“མང་ཚོགས་ཕྱུག་པོའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཁོང་གིས་དཔལ་འབར་རྫོང་གིས་སྔོན་ལ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་ནས་ཡུལ་སྐོར་ཐོན་ཁུངས་ཚོགས་པ་ཅན་གྱི་གསར་སྤེལ་དང་། ཕྱོགས་མང་མཉམ་ལས་དང་གཉིས་ཕན། མང་ཚོགས་ཀྱི་ཁེ་ཕན་མཉམ་འབྲེལ་མཉམ་སྤྱོད་བཅས་ཀྱི་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་བྱེད་སྟངས་བཙུགས་ཏེ། ཞིང་འབྲོག་པའི་བཟའ་བཏུང་དང་ཁྱིམ་ཚང་མགྲོན་ཁང་སོགས་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་སྦྱོང་བརྡར་བྱེད་ནས“ལྗང་མདོག་དཔལ་འབར། གདོད་མའི་ས་གཙང”གི་ཡུལ་སྐོར་སྤུས་རྟགས་བཟོས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་དེ་བས་མང་བ་ཐོབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

འདི་ལོར། ཆབ་མདོ་གྲོང་ཁྱེར་གྱིས་དབྱར་རྩྭ་དགུན་འབུའི་རིང་གི་གུང་གསེང་ཕྱོགས་ཡོངས་ནས་མེད་པ་བཟོས་པ་དང་ཕན་འབྲས་ཐོན་མིན་ཐད་ཀུང་ཧུའེ་ཚའེ་ཡིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ལྕགས་སྒང་ཤང་སློབ་ཆུང་དུ་ཀུང་ཧུའེ་ཚའེ་ཡིས“འདི་ལོ་དབྱར་རྩྭ་དགུན་འབུའི་གུང་གསེང་བཏང་སོང་ངམ” “ཁྱེད་ཚོ་སློབ་གྲྭའི་ནང་གི་འཚོ་བར་དགའ་པོ་འདུག་གམ་”ཞེས་འདྲི་ཞོར་དུ་སློབ་ཁྲིད་ཐོག་ཁང་དུ་ཕེབས་ཏེ་སློབ་མ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཡོད། ཁོང་གིས“དབྱར་རྩྭ་དགུན་འབུ་ཡག་ཤོས་དེ་དཔེ་དེབ་ནང་ཡོད་པས། སློབ་གྲོགས་ཚོས་ངེས་པར་དུ་རྒྱང་རིང་གི་ཕུགས་འདུན་བཅངས་ནས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་སྟེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་རྣམས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་འགྱུར་རྒྱུར་འབད་བརྩོན་བྱེད་དགོས”ཞེས་གསུངས་ཡོད། ཀུང་ཧུའེ་ཚའེ་ད་དུང་སློབ་མའི་ཉལ་ཁང་དང་ཟ་ཁང་དུ་ཕེབས་ནས། ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་རྣམ་གྲངས་ལག་བསྟར་དང“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་མ་ཟད། སློབ་སྤྱིའི་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བྱས་ཚུལ་ཡང་བཀའ་འདྲི་གནང་བ་རེད། ཁོང་གིས་གྲོང་ཨུད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“1ཐོག་6སྣོན་པ་”ཡི་ཡིག་ཆ་དོན་འཁྱོལ་དང་ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་ནས། སློབ་མ་ཚང་མས་བདེ་ཐང་དང་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་གསུངས་པ་རེད། དཔལ་འབར་རྫོང་སློབ་འབྲིང་དུ་ཀུང་ཧུའེ་ཚའེ་ཡིས་སློབ་མའི་ཉལ་ཁང་དུ་ཕེབས་ནས་དྲོད་རླངས་སྒྲིག་ཆས་ལ་ཞིབ་བཤེར་གནང་བ་དང་། སློབ་གྲྭའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་འཁོར་ཁང་ལ་ཕེབས་ནས་ལྟ་སྐོར་གནང་བ་རེད། ཁོང་གིས་གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་པས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ངེས་པར་དུ་དྲོད་རླངས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་དགེ་སློབ་ཚོས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཚན་པ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཤར་གངས་ལའི་ཕུག་ལམ་ནི་རྒྱལ་ལམ་349ཡི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། མིག་སྔར་ཕུག་ལམ་གྱི་ཨར་ལས་བཟོ་སྐྲུན་ཁག་གཅིག་ལས་མཇུག་སྒྲིལ་ནས་འཕྲུལ་གློག་ལས་དོན་སྒྲུབ་བཞིན་ཡོད་པ་རེད། ཀུང་ཧུའེ་ཚའེ་ཡིས་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭའི་འཕེལ་རིམ་གྱི་གནས་ཚུལ་བཀའ་འདྲི་གནང་མ་ཟད་ལས་གྲྭའི་མི་སྣར་འཚམས་འདྲི་གནང་བ་རེད། ཀུང་ཧུའེ་ཚའེ་ཡིས་རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་བ་དང་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་དཔལ་འབར་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། ཀུང་ཧུའེ་ཚའེ་དཔལ་འབར་རྫོང་གི་གླ་བ་གསོ་ཚགས་རྟེན་གཞི་དང་། དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོའི་ར་ནག་གསོ་ཚགས་མཉམ་ལས་ཁང་དང་དེ་བཞིན་སྐྱེ་ངུ་གྲོང་ཚོའི་སྤོས་བཟོ་ཁང་དུ་ཕེབས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་ཤིང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་དམིགས་པ་དང་། སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྕགས་ར་ནོར་བུ་བསམ་འཕེལ་གླིང་དགོན་པར། ཀུང་ཧུའེ་ཚའེ་ཡིས་རྒྱ་ཆེའི་དགེ་འདུན་པས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་གཟི་བརྗིད་ཅན་སེམས་ལ་བཅངས་ནས“འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོར་རང་འགུལ་ངང་ཞུགས་ཏེ་ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་ཞི་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་དང་། རྩ་འཛུགས་སྡེ་ཁག་གིས་དགོན་པའི་དོ་དམ་ཚོགས་པའི་རྩ་འཛུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དགོན་པའི་དོ་དམ་ཚོགས་པའི་ཏང་གི་འགོ་ཁྲིད་སྔར་བས་སྲ་བརྟན་ནུས་ལྡན་ཡོང་བར་ཁག་ཐེག་བྱ་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་མུ་མཐུད་སློབ་སྦྱོང་བྱེད་ནས་དགོན་སྡེའི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་།གྲོང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་ཞིབ་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་ཀྱིས་གནད་དོན་ཤེས་རྟོགས་དང་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱས་ཏེ་ཆོས་ལུགས་ལས་དོན་བཅོས་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས་པའི་ནན་གསུང་གནང་བ་རེད།

དཔལ་འབར་རྫོང་གི་འཕྲལ་སྡོམ་དོ་དམ་ཅུད་དུ་ཀུང་ཧུའེ་ཚའེ་ཡིས་ཏང་ཡོན་ལས་བྱེད་པ་དང་བཞུགས་མོལ་གནང་ནས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་ལས་དོན་སྒྲུབ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། དཔལ་འབར་རྫོང་འཕྲལ་སྡོམ་དོ་དམ་ཅུད་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་ནས་གཞི་རྩ་བརྟན་དུ་གཏོང་བ་དང་གནད་སྨིན་ཇུས་འདོན་གྱིས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་ཏན་ཏིག་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་ཁྱོན་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཧོ་ཡིན་ཀྲང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་དཔེ་ལས་བསླབ་བྱ་གཏིང་ཟབ་བླངས་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དཔལ་འབར་གྱི་འཕྲལ་སྡོམ་དོ་དམ་བྱ་གཞག་ལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད། ཀུང་ཧུའེ་ཚའེ་ཡིས་ད་དུང་རྫོང་ཨུད་ཀྱི་གཙོ་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་རྫོང་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་ཆེད་མངགས་འཛིན་གྲྭར་ཕེབས་ནས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བ་རེད།

ཀུང་ཧུའེ་ཚའེ་ས་སྟེང་ཤང་རྒྱལ་མོ་རྔུལ་ཆུའི་དུམ་བུ་དང་། སྐྱིད་གླིང་ཤང་ཤར་ཆུའི་དུམ་བུ། སྤྱང་ཀི་ལའི་འཁྱགས་རོམ་མཚོ་བཅས་སུ་ཕེབས་ནས་ཆུ་བོ་དང་(མཚོ)དཔོན་ལམ་ལུགས་དོན་འཁྱོལ་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་སྒྲུབ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་བོ་དང་(མཚོ)དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་བྱེད་པ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་ནས་ཆབ་མདོའི་སྲོག་ཆགས་དང་། རྩི་ཤིང་། ཆུ། རི་བོ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་གསུང་གནང་བ་རེད།

བརྟག་ཞིབ་བྱེད་པའི་ལམ་བར་དུ། ཀུང་ཧུའེ་ཚའེ་ཡིས་ཆ་སྒྲིག་གཉེན་འཚོལ་བྱ་ཡུལ་བཀྲ་ཤིས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ལ་འཚམས་འདྲིའི་དངོས་པོ་དང་འཚམས་འདྲིའི་དངུལ་སྤྲད་པ་མ་ཟད། བཀྲ་ཤིས་ཀྱི་ཁྱིམ་དུ་སེམས་གཏམ་བཤད་རེས་བྱས་ནས་མིག་སྔའི་འཚོ་བའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་བཀྲ་ཤིས་ཀྱི་ཁྱིམ་ཚང་ལ་སྙིང་སྟོབས་ཆེར་སྐྱེད་དང་ཡིད་ཆེས་བརྟན་དུ་གཏོང་སྟེ་རང་ཉིད་ཀྱི་འབད་བརྩོན་དང་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་མིག་སྔའི་དཀའ་ངལ་ཁྱད་བསད་བྱས་ཏེ་ཁྱིམ་ཚང་གི་ཡོང་འབབ་སྔར་བས་མང་དུ་གཏོང་བ་དང་འཚོ་བ་སྔར་བས་ལེགས་སུ་གཏོང་རྒྱུའི་སྐུལ་ལྕག་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ད་དུང་དཔལ་འབར་རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་པར་གླེང་མོལ་དང་བརྟག་ཞིབ་གནང་བ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ། དྲུང་ཆེ་ཅ་ཤིན་ཡུས་ཀྱིས་མཉམ་དུ་བརྟག་ཞིབ་གནང་བ་རེད།