国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年11月07日

དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས།

གློག་སྐུད་བརྐུས་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་བཅད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་དུ་ཡིད་ཆེན་ཤང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ཁྲོན་བོད་ལྕགས་ལམ་ཡན་ལག་པུའུ་གསུམ་པའི་ལས་དོན་པས་སྙན་སེང་བྱས་པའི་ལས་ཡུལ་གྱི་རིན་ཐང་སྒོར་ཁྲི་7རི་བའི་གློག་སྐུད་རྐུ་ཤོར་བའི་ཉེན་བརྡ་ཞིག་འབྱོར་བ་རེད།

དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་ཤིང་། ལྕགས་ལམ་དུ་བཅའ་སྡོད་ཆེད་མངགས་པན་གྱི་མི་དམངས་ཉེན་རྟོག་པས་མཁོ་འདོན་བྱས་པའི་ཁུངས་སྣེ་གལ་ཆེན་གཞིར་བཟུང་། མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་བྱས་ཏེ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པའི་ཡན་ལག་པུའུ་གསུམ་པའི་རྣམ་གྲངས་པུའི་བཟོ་པ་ཉི་ཆེ་གེ་མོ་སོགས་བཟོ་པ་བཞི་ཉེས་གསོག་དོགས་ཅན་པར་གཏན་འཁེལ་བྱས། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་བཞི་བཟུང་སྟེ་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱིས་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་གྱོད་གཞི་དེར་མུ་མཐུད་ནས་མྱུལ་ཞིབ་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།