ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་སྐབས་དང་བསྟུན་ནས། བོད་འབྲེལ་གཞི་རིམ་ས་ཁུལ་གྱི་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ལ་བོད་ཡིག་གི་བརྗོད་དོན་སློབ་གསོ་སྐོར་གྱི་རྒྱུ་ཆ་མཁོ་གལ་ཆེ་བ་དང་། ལྷག་པར་དུ་ལས་ཁུངས་རེ་འགས་ངེད་དྲ་ཚིགས་ཐོག་སྤེལ་ཟིན་པའི་བརྗོད་དོན་སློབ་གསོ་སྐོར་གྱི་རྒྱུ་ཆ་རྣམས་ཡང་བསྐྱར་ཐེངས་གཅིག་སྤེལ་ཐུབ་ན་དགེ་མཚན་ཆེ་ཚུལ་གྱི་རེ་ཞུ་ནན་མོ་ལྡོག་མ་ནུས་པར། ཀུན་ལ་སྟབས་བདེ་ཡོང་བར་དམིགས་ནས། དེ་འབྲེལ་རྒྱུ་ཆ་ཚང་མ་ཕྱོགས་བསྡུས་བྱས་ཏེ་ཀྲུང་གོ་བོད་ཀྱི་དྲ་བའི་དྲ་ཚིགས་དང་འཕྲིན་སྟེགས་བཅས་སུ་ཡང་བསྐྱར་སྤེལ་བ་ཡིན་པས། ཀློག་པ་པོ་ཡོངས་ལ་བརྗོད་དོན་སློབ་གསོ་སྐོར་གྱི་ཤེས་བྱ་མ་ལུས་བསྩོལ་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ།།
དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་གོའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཀྱང་ཡིན་ཞིང། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕུར་མཆོང་མངོན་འགྱུར་བྱས་པ་ཡང་ཡིན་པས། ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད་མུ་མཐུད་དུ་འཕེལ་རྒྱས་གཏོང་དགོས།
——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
གཉིས་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“ངེས་གཏན་བཅུ”དང“རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི”། “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་བཏོན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་ཕྱོགས་སྡོམ་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག“ངེས་པར་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱི་སྡོམ་འགྲེལ་བཤད་བྱས།
——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་འཛིན》ལས།
གསུམ་པ། བརྗོད་དོན་སློབ་གསོའི་མིང་ཆ་ཚང་ལ་ཅི་ཟེར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ།
བཞི་པ། “ངེས་པར་བརྒྱུད་དགོས་པའི་བགྲོད་ལམ”ལྔའི་བྱེ་བྲག་གི་ནང་དོན་གང་དག་ཡིན། ཏང་གིས་ཕྱོགས་ཡོངས་མགོ་ཁྲིད་པར་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན།མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་སྐྲུན་བྱེད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ་ནི་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན།ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་ནི་ཏང་ལ་དུས་གཏན་དུ་གསོན་ཤུགས་ཀྱིས་བརྟས་པ་དང་རྒྱུགས་སྤྲོད་ཀྱི་ལམ་གསར་པ་ལེགས་པར་བསྐྱོད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན།
——《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》པོད་དང་པོ།
ལྔ་པ། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ནི་ཅི་ཞིག་ཡིན།བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ནི“དགོངས་པ་སློབ་སྦྱོང་དང་ཏང་གཤིས་བསྐྱེད་པ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་བ་འཇོག་པ”ཞེས་པ་ཡིན།དྲུག་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ། ཕྱོགས་གཅིག་ནས་དངོས་སློབ་དང་ཡིད་ཆེས། དངོས་སྤྱོད། དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཐད་ད་དུང་མཐོང་ཆེན་བྱེད་དགོས་པའི་གནད་དོན་སྐོར་ཞིག་ཡོད། ཏང་ཡོན་དང་ལས་བྱེད་པ་ལ་ལར་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སྤྲོ་བ་ཆེན་པོ་མེད་པ་དང་། སློབ་སྦྱོང་བྱེད་འདོད་མེད་པ། སློབ་སྦྱོང་བྱེད་པ་དེ་རྣམ་པ་ཙམ་ཡིན་ལ། ལ་ལར་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་མིན་པ་དང་གཏིང་ཟབ་མིན་པ། ཕྱོགས་ཙམ་ཤེས་པ་དང་ཆོད་སེམས་མེད་པ། དོན་དངོས་ལ་རྒྱུས་ལོན་མི་བྱེད་པ། ཡང་ལ་ལར་སློབ་སྦྱོང་གི་དམིགས་ཡུལ་མེད་པ་དང་། སློབ་སྦྱོང་དང་ལག་ལེན་ཁ་བྲལ་དུ་གྱུར་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་དང་བྱ་གཞག་གསར་གཏོད་བྱེད་པའི་འཇོན་ནུས་སུ་བསྒྱུར་བར་མི་མཁས་པ་སོགས་ཀྱི་སྣང་ཚུལ་མང་པོ་ཡོད། (མུ་འགོད།)