国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10ཚེས24ཉིན་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཝང་ཡ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

ཀུང་ཧུའེ་ཚའེ་ཡིས2021ལོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་བཅས་ཀྱི་འོག་ཏུ་ཆབ་མདོ་གྲོང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིག་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ། མཁས་པ་ལེགས་འདེམས་དང་རྨང་རྩ་གཉིས་བརྟན། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་གཅིག་སྡུད་བཅས་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་འཛུགས་སྐྲུན་མགྱོགས་སུ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད་ཅེས་བསྟན།

ཀུང་ཧུའེ་ཚའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་མདོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྔ་རྗེས་སུ“རྒྱུན་འཁྱོངས་ལྷོད་མེད་ལྔ”དང་། “བློ་བརྟན་འགྱུར་མེད་ལྔ”“འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པ་ལྔའི”་མཛུབ་སྟོན་བླང་བྱ་བཏོན་ནས། “ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་བོད་ཤར་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ། བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ས་ཆ་གཙོ་བོ་དང་སྒོ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི”འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་བཏོན་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད།)གཅིག་ནས་ཏང་གི་འགོ་ཁྲིད་དེ་ཉིད་ཆབ་མདོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་བྱེད་ལམ་གཙོ་བོར་གྱུར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པའི་ལས་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་ཐོན་ཁུངས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་རྟག་ཏུ་ལེགས་སྒྲིག་བྱེད་པ། གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པ་ལྗོངས་ཕྱི་ལ་རེས་སྐོར་སྦྱོང་བརྡར་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་ཡུན་ལོ་གསུམ་གྱི་ཐོག་ལ་རིམ་སྤོར་བྱེད་པ། ཏང་ཡོན་གྱི་ཆབ་སྲིད་ཚད་གཞི་གོང་དུ་སྤེལ་བ་བཅས་བྱེད་དགོས། བཞི་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་གི་འགན་གཙོ་བོ་འཁུར་དགོས་པ་དང་། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”འཁུར་དགོས། ལྔ་ནས་ལས་བྱེད་པར་སྤྱོད་ཚུལ་དྲང་གཞག་འཛིན་པ་དང་། ལས་བྱེད་པར་གདེང་འཇོག་དྲང་གཞག་བྱེད་པ། ལས་བྱེད་པ་བཀོལ་སྤྱོད་དྲང་གཞག་བྱེད་པ་བཅས་ཀྱི་ཐོག་ནས་གཞུང་བཙུགས་སྒྲིག་ལམ་དང་གཞུང་བཙུགས་འཕྲིན་ཡིག་བཅས་ལ་བརྟེན་ནས་ལས་གནས་དྲང་གཞག་ཡོང་བའི་མིག་དཔེ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུ་ནི་བརྙན་པར་ལམ་ནས་འཚོགས་ཤིང་། གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་རྫོང(ཆུས)ཁག་ལ་ཡན་ལག་ཚོགས་ར་བཙུགས་ཡོད། གྲོང་ཁྱེར་གྱི་འགོ་ཁྲིད་དབས་ཤིན་ཀུའེ་དང་། ཀྲང་ཅན་ཧྭ། ལིས་གོ་ཅན། ལི་ཧྲི་ཅང་། ལི་པིན། ཀྲང་ཝུན་ཧྲེང་། ཝུའུ་དབྱིང་ཧའེ། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་དེ་བཞིན་གྲོང་ཁྱེར་དམངས་འཐུས་དང་སྲིད་གཞུང་ སྲིད་གྲོས་བཅས་ཀྱི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། གྲོང་ཁྱེར་ཐད་གཏོགས་ཚན་པའི་ཏང་ཙུའུ(ཏང་ཨུད)ཡི་འགན་འཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་གྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད།