国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年10月27日

ཀུང་ཧུའེ་ཚའེ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀུང་ཧུའེ་ཚའེ་ཡིས་“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་པ་འགོ་བརྗོད་དུ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བརྗོད་དོན་གཙོ་བོའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད།)ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཟབ་མོ་བྱུང་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་བོད་ཀྱི་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་གནང་བ་དང་། བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ། བོད་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་བཅས་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་སྒོའི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་སྟངས་འཛིན་བྱས་ཏེ་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་བྱས་ནས“ཁུལ་གསུམ་དང་མཐོ་ས་གཅིག”གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་གཏོད་པའི་བརྒྱུད་རིམ་ཧྲིལ་པོར་རང་འགུལ་ངང་བེད་སྤྱོད་བྱས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།

ཀུང་ཧུའེ་ཡིས་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས། མི་སེར་རྒྱལ་ཁབ་དང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོག་གོང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་བཅས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསུམ་གྱི་ཐོག་ནས་བོད་སྐྱོང་མཛད་ཇུས་ཀྱི་ལོ་རྒྱུས་འཕེལ་རིམ་དང་།འཚོལ་ཞིབ་གཏོད་འཛུགས། ཉིན་བཞིན་འཐུས་ཚང་དུ་འགྲོ་བ་བཅས་གླེང་བ་རེད། ཁོང་གིས་གཅིག་ནས་ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་དུ་གཏོང་དགོས། གཉིས་ནས་ངེས་པར་དུ་རང་རྟོན་རང་ཚུགས་མཐའ་འཁྱོངས་བྱས་ཏེ་“གདེང་ཚོད་བཞི”དེ་བས་བརྟན་དུ་གཏོང་དགོས། གསུམ་ནས་ངེས་པར་དུ་གཞུང་ཁོངས་གསར་འབྱེད་མཐའ་འཁྱོངས་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་དགོས།

ལྔ་ནས་མ་ལག་གི་འདུ་ཤེས་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། དྲུག་ནས་ངེས་པར་དུ་བློ་རྒྱ་ཆེན་པོས་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་མཉམ་འདྲེས་བྱེད་དགོས་པའི་ནན་བཤད་གནང་ཡོད།