འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། ལྷོ་རོང་རྫོང་གིས“གཞི་རིམ་དུ་བསྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་ནས། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པར་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ནང་ཡག་པོ་བསྐྱོད་དགོས། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཐག་རིང་ལུང་ཁུག་དུ་ཁྱབ་པ་བྱས་ཡོད། ས་བབ་མཐོ་ཚད་སྨི་4100ཟིན་པའི་ཤིང་རོང་ཤང་ཁལ་ཐོ་གྲོང་ཚོ་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་85ཡོད་པས་ཐག་རིང་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་ལ། རྫོང་ཨུད་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་གྲོང་ཚོ་ཞིག་ཀྱང་ཡིན།
བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་889ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་བདུན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་མ་ཟད། གོང་རིམ་རྩ་འཛུགས་ཀྱིས་གཉེར་བའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་ནན་ཏན་ངང་ཉན་ནས་གྲོང་ཁྱེར་གྱི“འབབ་འཕར་བྱ་ཐབས་ཁག་བཅུ”སྔར་བས་ཤེས་རྟོགས་བྱས་པ་རེད། དེ་དང་ཆབས་ཅིག་རྫོང་དེ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་1000ལྷག་ཙམ་གྱིས“ལས་བྱེད་པ་སྟོང་གྲོང་ཚོ་སྟོང་ལ་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཞིང་དུད་ཀྱི་ཁྱིམ་དུ་བསྐྱོད་དེ་དམིགས་ས་ཡོད་པའི་སྒོ་ནས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་ལ་ལན་བཏབ་པ་རེད།
མིག་སྔའི་བར། སྒོ་རྩར་བསྐྱོད་དེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐེངས་700ལྷག་ཙམ་བྱས་པ་དང་རྒྱང་བསྒྲགས་ཀྱིས་དྲིལ་བསྒྲགས་ཐེངས་5000ལྷག་ཙམ་བྱས་པ་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་ཁྲོད་མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི“དམངས་འཚོའི་བྱ་བ་ཆུང་ངུ”ཐག་གཅོད་བྱ་རྒྱུར་གཞི་ཚུགས་ནས་ལྷོ་རོང་རྫོང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་དཔེ་གདགས་ཤང་དཔེ་ཐོག་གྲོང་ཚོ་དང་། དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་གུསྐུ་རི་གྲོང་ཚོར་བསྐྱོད་དེ་ཞིང་འབྲོག་མང་ཚོགས་དང་དེའི་བུ་ཕྲུག་སློབ་གྲྭར་འདོན་དཀའ་བ་དང་། ཕར་འགྲོ་སྐྱོད་དཀའ་བ། འབབ་འཕར་དཀའ་བ།ཐོན་སྐྱེད་ངལ་རྩོལ་བྱེད་དཀའ་བ། གཉེན་སྒྲིག་བྱེད་དཀའ་བ། གྲུམ་བུའི་ནད་དང་། ཐུམ་འབུའི་ནད། ལྷན་སྐྱེས་སྙིང་ནད་སོགས་རྒྱལ་མོ་རྔུལ་ཆུའི་ལུང་ཤུར་གྱི་ཐག་རིང་ལུང་ཁུག་དུད་ཚང་གི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་བརྟག་ཞིབ་བྱས་པ་རེད།