འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་24ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་ཀའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་ཀྱི་རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་ཚན་པར་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའུ་ཀྲང་ལི་པིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དེ་ཚུགས་གནས་མཐོ་ལ་ནང་དོན་གཏིང་ཟབ་པ་དང་། གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྱིས་ཁྱབ་པ་དང་། ཁ་ཕྱོགས་བསྟན་ལ་ལས་འགན་ཡང་སྤྲད་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་པོས་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་ཐབས་ལམ་གསལ་སྟོན་དང་སྐུལ་སློང་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཡོངས་སུ་2022ལོའི་ལོ་འཁོར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་200བཏོད་པའི་མིང་བཏགས་པ་དེའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་21དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་31 ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་27 མཐའ་བརྟན་མཐའ་དར་དམངས་ཕྱུག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས25 “གཉིས་བཟང་དྲུག་ལེགས”ཀྱི་རྩ་འཛུགས་གསར་པའི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས29 “ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཟུང་འབྲེལ”གྱི་སྤུས་རྟགས་དཔེ་སྟོན་ས་ཚིགས་62བཅས་ཡོད་པ་རེད།
ཚོགས་འདུའི་ཐོག་ཁ་རུབ་ཆུས་དང་། སྨར་ཁམས་རྫོང་། གོ་འཇོ་རྫོང་། དཔལ་འབར་རྫོང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།